Homeརྒྱལ་སྤྱི།ཨ་མེ་རི་ཀཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

Date:

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག ཁོ་གཉིས་ཀྱིས་ཐེངས་འདིར་ཐུག་པ་དེ་ཡག་པོ་བྱུང་སོང་ཞེས་བཤད། ཡིན་ན་ཡང་། གནད་དོན་འགའི་ཐད་ཁོ་གཉིས་ཀྱི་བསམ་ཚུལ་མི་མཐུན་པའང་བཤད།

ལོ་སྔོན་མར་སྒྲོ་ནལ་ཁྲི་རམ་ཕུ་བསྐྱར་དུ་སྲིད་སྟེགས་སུ་སླེབས་རྗེས་ཀྱི་ཉིན་འགའི་ནང་། ཁོ་དང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་བར་འགལ་ཟླ་ཤོར་ཞིང་། སྒྲོ་ནལ་ཁྲི་རམ་ཕུས། ཨ་རིའི་རྒྱལ་ནང་དུ་ཡིག་ཆ་ཚད་ལྡན་མེད་པར་འཛུལ་མཁན། ཀོ་ལིམ་བྷེ་ཡའི་མི་སེར་མང་པོ་ཕྱིར་ཕུད་ཐབས་བྱས་པར། གྷུ་སི་ཏ་ཝོ་ཡིས། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་ཞིག་ཡིན་ཚུལ་སོགས་བཤད།

མཐར་ཁོ་དང་སྒྲོ་ནལ་ཁྲི་རམ་ཕུའི་བར་དྲྭ་ལམ་བརྒྱུད་ཁ་འཛིང་ཐེངས་མང་ཤོར། ལོ་སྔོན་མའི་ཕྱི་ཟླ་ 9 ནང་གྷུ་སི་ཏ་ཝོ་ཨ་རིའི་རྒྱལ་ནང་དུ་ཡོང་རྒྱུར་ཆོག་མཆན་མ་སྤྲད་ཅིང་། སྒྲོ་ནལ་ཁྲི་རམ་ཕུས། ཀོ་ལིམ་བྷེ་ཡའི་གཞུང་གིས། ཨ་རིའི་རྒྱལ་ནང་དུ་ཁྲིམས་འགལ་སྐྱབས་བཅོལ་བ་དང་། ཉལ་ཐ་འཛུལ་རྒྱུར་མཐུན་མགྱུར་སྦྱོར་བཞིན་པ་དང་། ཨ་རིས་འདི་ལ་དམག་དཔུང་ཚུན་བཀོལ་ནས་ལན་བསློག་སྲིད་པ་བཤད།

རྒྱལ་ཁབ་འདིར་བྱང་ཨ་རིའི་ཁུལ་དུ་ཉལ་ཐ་འདྲེན་མཁན་གྱི་ནག་ཚོགས་མང་ཞིང་། རྒྱལ་སྤྱིའི་ཉལ་ཐ་ཁོ་ཁེན་(cocaine)གྱི་བརྒྱ་ཆ་ 68% ཡས་མས་ཤིག་རྒྱལ་ཁབ་འདི་ནས་ཡོང་བཞིན་པ་གསལ། སྒྲོ་ནལ་ཁྲི་རམ་ཕུས། ལྷོ་དང་དབུས་ཨ་མེ་རི་ཀའི་གླིང་དུ་ཤུགས་རྐྱེན་རྒྱ་བསྐྱེད་ཁྲོད། ཀུ་པ་དང་ཝེ་ནེ་ཛོ་ལ། ཀོ་ལིམ་བྷི་ཡ་གསུམ་ནི་ཐོག་མར་གདོང་ཐུག་རྒྱག་ས་དེ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ན་གཞོན་ཚོར་སྤྱི་ཚོགས་དྲྭ་རྒྱ་ཚོད་འཛིན།

སྤྱི་ཚོགས་དྲྭ་རྒྱའི་སྟེང་འཁོན་སེམས་ཀྱི་སྐད་ཆ་དང་། འཁྲིག་སྤྱོད་དང་འབྲེལ་བའི་བརྙན་པར་སོགས། བྱིས་པའི་སེམས་ཁམས་འཚར་ལོང་ལ་གནོད་པ་མང་པོ་ཁྱབ་བཞིན་པས། རྒྱལ་ནང་གི་བྱིས་པ་ལོ་ན་ 16 གྱི་འོག་ཅན་དག་ལ་སྤྱི་ཚོགས་དྲྭ་རྒྱ་འགོག་རྒྱུ་ཡིན་པ་བསྒྲགས།