Homeདེ་ལས་མང་(More)བཅོས་མའི་རིག་པ།ཁེ་གཉེར་ཚང་མར་ཤུགས་རྐྱེན་ཐེབས་ངེས་རེད།

ཁེ་གཉེར་ཚང་མར་ཤུགས་རྐྱེན་ཐེབས་ངེས་རེད།

Date:

གྷུ་གྷལ་ཁེ་གཉེར་གྱི་སྤྱི་ཁྱབ། སུན་ཀྲར་པེ་ཆའེ་(Sundar Pichai)ལ་ཆེད་དུ་བཅར་འདྲི་ཞིག་བྱས། ཁོས། གལ་སྲིད་བཅོས་མའི་རིག་པའི་སྦུ་བ་འདི་འཐོར་ཚེ། ཁེ་གཉེར་ཚང་མར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བཤད།

འདས་པའི་ཟླ་བ་འགའི་ནང་འཛམ་གླིང་གི་འཕྲུལ་རིག་ཁེ་གཉེར་ཆེ་ཤོས་མང་པོས། བཅོས་མའི་རིག་པ་ཡར་རྒྱས་དང་ཞིབ་འཇུག་ཁྲོད།ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་གི་མ་རྐང་འཇོག་བཞིན་པ་ལྟར།སྣང་ཚུལ་འདིས་འཇིགས་སྣང་གསར་བ་གསར་བ་ཞིག་བསྐྲུན། དེ་ནི་ཕར་མ་རྐང་བཞག་པའི་ཚོད་ཀྱིས་ཡོང་སྒོ་ཞིག་ཕྱིར་ཡོང་རྒྱུ་ཡོད་དམ་ཞེས་པ་དང་།མི་རྣམས་ཀྱིས་རེ་བ་རྒྱག་བཞིན་པ་ལྟར་གྲུབ་འབྲས་ཤིག་ཡོད་དམ་ཞེས་པ་དེ་རེད། འདི་ལ་{བཅོས་མའི་རིག་པའི་ལྦུ་བ་}ཞེས་འབོད་ཅིང་།དོགས་པ་གསར་བ་འདིས་མ་རྐང་འཇོག་མཁན་དག་ལ་འཇིགས་སྣང་སྐུལ་བཞིན་པ་གསལ།

གནས་ཚུལ་འདིའི་ཐད་དབྱིན་ཇིའི་སྦི་སྦི་སི་གསར་ཁང་གིས། གྷུ་གྷལ་ཁེ་གཉེར་གྱི་སྤྱི་ཁྱབ། སུན་ཀྲར་པེ་ཆའེ་(Sundar Pichai)ལ་ཆེད་དུ་བཅར་འདྲི་ཞིག་བྱས། ཁོས། གལ་སྲིད་བཅོས་མའི་རིག་པའི་སྦུ་བ་འདི་འཐོར་ཚེ། ཁེ་གཉེར་ཚང་མར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བཤད། ད་དུང་ཁོས། བཅོས་མའི་རིག་པའི་ཆེད་མ་རྐང་བཞག་པར་ཡར་རྒྱས་ཆེན་པོ་ཡོད་ཀྱང་། དེ་དང་ལྷན་རྒྱུ་མཚན་དང་མི་མཐུན་པའི་སྣང་ཚུལ་འགའ་ཡང་འདུག་ཅེས་བཤད།

ལོ་སྔོན་མར་འཛམ་གླིང་གི་གློག་བརྒྱ་ཆ་ 1.5% བཅོས་མའི་རིག་པའི་ཆེད་བེད་སྤྱོད་བྱས་ཟིན་པ་དང་། གལ་སྲིད་རྒྱལ་ཁབ་དག་གིས་གློག་གི་ཐོན་ཁུངས་མང་དུ་མ་བཏང་ཚེ། གློག་གིས་མ་འདང་བའི་དཀའ་ངལ་འཕྲད་རྒྱུ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་དཔལ་འབྱོར་ཡར་རྒྱས་ལ་གནོད་རྒྱུ་ཡིན་པ། གྷུ་གྷལ་སྤྱི་གཉེར་གྱིས་བཤད། འདས་པའི་ཟླ་བ་ 7 ནང་ཨལ་ཧྥ་བྷེ་ཀྲི་(གྷུ་གྷལ་གྱི་ཁེ་གཉེར་ཨ་མ།)ཡི་ཁྲོམ་རའི་རིན་ཐང་། ཨ་སྒོར་ཐེར་འབུམ་ $3.5 དང་། ཨིན་ཝེ་སྒྲེ་ཡ་(Nvidia)ཡི་ཁྲོམ་རའི་རིན་ཐང་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $5 ལ་བུད།

ཨོ་པན་ཨེ་ཨའེ་(OpenAI)ཡིས། ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1.4 ཡིས་གན་རྒྱ་འཇོག་བཞིན་པ་ལ། དེ་དང་མཐུན་པའི་ཡོང་སྒོ་ཞིག་འབྱུང་བཞིན་མེད་པ་འདིས་མི་མང་པོར་འཇིགས་སྣང་བསྐུལ། ཟླ་བ་སྔོན་མར་ཨ་རིའི་དངུལ་ཁང་ཆེན་མོ། རྗི་ཕི་མོར་གྷན་(J.P Morgan Chase)གྱི་སྤྱི་གཉེར་རྗེ་མེ་སྒྲེ་མོན་གྱིས། བཅོས་མའི་རིག་པའི་ཁྲོད་མ་རྐང་བཞག་པའི་དངུལ་སྒོར་དེ་དག་ལ་གྲུབ་འབྲས་ཡོད་ངེས་རེད། ཡིན་ན་ཡང་། དངུལ་སྒོར་ཁ་ཤས་ཤིག་ཕྱིར་ཡོང་མེད་པ་གཏན་འཁེལ་རེད་བཤད། སྐད་ཆ་འདི་ནི་རྒྱལ་སྤྱིའི་ཁེ་གཉེར་དག་ལ་ཉེན་བརྡ་ཆེ་ཤོས་ཤིག་ཏུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག