Homeརྒྱལ་སྤྱི།ཨ་མེ་རི་ཀཁྲིམས་འགལ་བཀའ་རྒྱ་དག་བརྩི་མི་དགོས།

ཁྲིམས་འགལ་བཀའ་རྒྱ་དག་བརྩི་མི་དགོས།

Date:

ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ 6 གིས་བརྙན་ཐུང་ཞིག་བརྒྱུད། ཁྲིམས་མཐུན་མ་ཡིན་པའི་བཀའ་ལ་བརྩི་མི་རུང་ཞེས་ཨ་རིའི་དམག་དཔུང་ལ་འབོད་སྐུལ་དྲག་པོ་ཞིག་ཞུས། ཁོ་ཚོས། ད་ལྟའི་གཞུང་འདིས། ཨ་རིའི་དམག་མི་དག་རང་གི་མི་སེར་ལ་རྒོལ་ཆེད་བེད་སྤྱོད་བྱེད་བཞིན་འདུག་ཅེས་བཤད།

ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ 6 གིས་བརྙན་ཐུང་ཞིག་བརྒྱུད། ཁྲིམས་མཐུན་མ་ཡིན་པའི་བཀའ་ལ་བརྩི་མི་རུང་ཞེས་ཨ་རིའི་དམག་དཔུང་ལ་འབོད་སྐུལ་དྲག་པོ་ཞིག་ཞུས། ཁོ་ཚོས། ད་ལྟའི་གཞུང་འདིས། ཨ་རིའི་དམག་མི་དག་རང་གི་མི་སེར་ལ་རྒོལ་ཆེད་བེད་སྤྱོད་བྱེད་བཞིན་འདུག ང་ཚོ་དང་འདྲ་བར་ཁྱེད་ཚོས་(དམག་མི་ཚོས།)ཀྱང་། རྩ་ཁྲིམས་སྲུང་སྐྱོབ་བྱེད་རྒྱུ་དམ་བཅའ་བཞག་ཟིན། ད་ལྟ་ང་ཚོའི་རྩ་ཁྲིམས་ལ་ཉེན་ཁ་ཕྱི་ནས་ཙམ་མ་ཡིན་པར། ནང་ནས་ཀྱང་སླེབས་བཞིན་འདུག་ཅེས་བཤད།

ད་དུང་ཁོ་ཚོས། ང་ཚོའི་ཁྲིམས་ནི་གསལ་བོ་རེད། ཁྲིམས་འགལ་གྱི་བཀའ་རྒྱ་ཞིག་ཡིན་ན་མ་བརྩིས་པར་ཕྱིར་ཟློག་ཆོག་པ་རེད་ཅེས་སོགས་བཤད། འཐུས་མི་འདི་དག་ནི་མེ་ཆིན་གྷན་མངའ་སྡེ་དང་ཨ་རེ་ཛོ་ན་མངའ་སྡེ། ཕེན་སེལ་ཝེ་ནེ་ཡ། ནེའུ་ཧེམ་ཤེར། ཁཱ་ལོ་ར་སྒྲོ་མངའ་སྡེ་བཅས་ནས་ཡིན་པ་དང་། ཁོ་ཚོ་ཚང་མར་སྔར་ཨ་རིའི་དམག་དཔུང་དང་། གསང་ལས་གང་རུང་གི་ནང་དུ་ལས་ཀ་བྱས་པའི་རྒྱབ་ལྗོངས་ཡོད་པ་གསལ།

ད་ལྟ་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁྲིམས་འགལ་ངང་ཕྱི་ནས་ཡོང་མཁན་དག་དང་། ནག་ཉེས་ཀྱི་རྒྱབ་ལྗོངས་ཡོད་མཁན་མང་པོ་འཛིན་ཆེད། ཨ་རིའི་གྲོང་ཁྱེར་འགའ་དང་། ལྷག་པར་མང་གཙོ་ཚོགས་པས་བཟུང་བའི་གྲོང་ཁྱེར་དག་ལ་དམག་དཔུང་གཏོང་བཞིན་པས། མང་གཙོ་ཚོགས་པའི་འཐུས་མི་དང་། ཁྲིམས་དཔོན་ཚོས་འདི་ནི་རྩ་ཁྲིམས་དང་འགལ་བ་ཞིག་ཡིན་པ་ཤོད་ཀྱི་ཡོད། དེ་བཞིན་རྒྱལ་ས་ཝ་ཤིན་ཀྲོན་དུ་དམག་མི་བཏང་བའང་ཁྲིམས་འགལ་ཡིན་པ། ཁྲིམས་དཔོན་ཞིག་གིས་བསྒྲགས།

གྲོས་ཚོགས་འཐུས་མི་འདི་དག་གིས་སྐད་ཆ་འདི་བཀྲམས་རྗེས། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། འདི་ལ་གཞུང་ལ་གྱེན་ལོག་བྱ་རྒྱུར་ངན་སྐུལ་གྱི་བྱ་སྤྱོད་ཅེས་འབོད་པ་རེད། ང་ཚོའི་རྒྱལ་ཁབ་ལ་བློ་ལོག་མཁན་འདི་ཚོ། རེ་རེ་བཞིན་བཟུང་ནས་ཁྲིམས་ཞིབ་བྱ་འོས། ཁོ་ཚོའི་སྐད་ཆ་འདི་རང་གར་འཇོག་རུང་བ་ཞིག་མ་རེད། ང་ཚོར་རྒྱལ་ཁབ་ཟེར་བ་ཞིག་ལྷག་རྒྱུ་མ་རེད། དཔེ་ཞིག་ངེས་པར་དུ་སྟོན་དགོས་འདུག་ཅེས་དང་། དེའི་རྗེས་སུ་ཁོས་ཡང་བསྐྱར། འདི་ནི་ང་ཚོའི་རྒྱལ་ཁབ་ལ་ཉེན་ཁ་རེད། ཁོ་ཚོ་འཛིན་དགོས་པ་ཡིན་ནམ་ཞེས་བྲིས།

ཡང་བསྐྱར་ཁོས། གཞུང་ལ་གྱེན་ལོག་བྱ་རྒྱུར་ངན་སྐུལ་གྱི་བྱ་སྤྱོད་འདིར། སྲོག་ཁྲིམས་ཀྱི་ཉེས་ཆད་འབབ་ཅེས་བྲིས། ཕྱི་ལོ་ 2022 ལོར་གྲོས་ཚོགས་ཚོགས་གཙོ་ཟུར་བ་ལྕམ་ནན་སེའི་ཁྱིམ་དུ་མི་ཞིག་འཛུལ་ཞིང་། སྐབས་དེར་མོ་རང་ཁྱིམ་དུ་མེད་སྐབས་དང་འཁེལ་བས། མོའི་ཁྱོ་གའི་སྟེང་ཐོ་བས་དྲག་རྒོལ་བྱས་པ་དང་། ལོ་སྔོན་མའི་ཕྱི་ཟླ་ 7 ཚེས་ 17 ཉིན་ཅུང་ཙམ་མིན་ན་སྲིད་འཛིན་འོས་མི། སྒྲོ་ནལ་ཁྲི་རམ་ཕུ་མེ་མདས་བསད་ཟིན་པ། ད་ལོའི་ཕྱི་ཟླ་ 9 ཚེས་ 10 ཉིན་རྙིང་ཞེན་ཤོག་ཁག་གི་གཏམ་བཤད་པ་གྲགས་ཅན། ན་གཞོན་ཆར་ལི་ཁར་ཁི་མེ་མདས་བསད། ད་ལོའི་ཕྱི་ཟླ་ 10 ནང་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པ་ལྟར་ན། ཨ་རིའི་མི་སེར་བརྒྱ་ཆ་ 85% ཡིས་རྒྱལ་ནང་དུ་དྲག་ཟིང་འདིའི་རིགས་མང་དུ་འགྲོ་བཞིན་པ་ཡིད་ཆེས་བྱེད་བཞིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག