Homeརྒྱལ་སྤྱི།ཨེ་ཤ་ཡ།གནམ་གྲུ་སྟོང་ཕྲག་འཕུར་མ་ཐུབ།

གནམ་གྲུ་སྟོང་ཕྲག་འཕུར་མ་ཐུབ།

Date:

བདུན་ཕྲག་འདིའི་ནང་རྒྱ་གར་གྱི་མཁའ་འགྲུལ་ཁེ་གཉེར་ཆེན་པོ་ཨིན་ཀྲི་གྷོ་(IndiGo)ཡིས། འགྲུལ་སྐྱེལ་གནམ་གྲུ་སྟོང་ཕྲག་འཕུར་རྒྱུ་ཕྱིར་འཐེན་བྱས་རྐྱེན། རྒྱ་གར་གྱི་མཁའ་འགྲུལ་སྡེ་ཁག་དང་གནམ་ཐང་དག་ཏུ་རྙོག་ཟིང་ཆེན་པོ་བྱུང་། 

བདུན་ཕྲག་འདིའི་ནང་རྒྱ་གར་གྱི་མཁའ་འགྲུལ་ཁེ་གཉེར་ཆེན་པོ་ཨིན་ཀྲི་གྷོ་(IndiGo)ཡིས། འགྲུལ་སྐྱེལ་གནམ་གྲུ་སྟོང་ཕྲག་འཕུར་རྒྱུ་ཕྱིར་འཐེན་བྱས་རྐྱེན། རྒྱ་གར་གྱི་མཁའ་འགྲུལ་སྡེ་ཁག་དང་གནམ་ཐང་དག་ཏུ་རྙོག་ཟིང་ཆེན་པོ་བྱུང་ཞིང་། འདི་ནི་འདས་པའི་ལོ་ངོ་ 20 རིང་མ་བྱུང་བའི་མཁའ་འགྲུལ་རྙོག་ཟིང་ཆེ་ཤོས་ཤིག་ཡིན་པ་བཤད།

རྒྱུ་རྐྱེན་གཙོ་བོ་ནི། རྒྱ་གར་གཞུང་གིས་གནམ་གྲུའི་མཁའ་ལོ་བ་དང་ལས་བྱེད་ཚོ་ངལ་གསོ་བའི་དུས་ཡུན་དང་། ལས་བྱེད་བརྗེ་རེས་བྱ་རྒྱུའི་ཁྲིམས་གསར་བ་ཞིག་བཟོས་པར། ད་ལོའི་ཕྱི་ཟླ་ 11 ཚེས་ 1 གི་སྔོན་དུ་མཁའ་འགྲུལ་ཁེ་གཉེར་དག་གིས། གཞུང་གི་ཁྲིམས་གསར་བ་དང་མཐུན་པའི་གྲ་སྒྲིག་གསར་བ་བྱ་དགོས་པ་ལ། ཁེ་གཉེར་འདིས་གྲ་སྒྲིག་ཚད་ལྡན་བྱེད་མ་ཐུབ་པ་གསལ།

མཁའ་འགྲུལ་ཁེ་གཉེར་འདིས་ཀྱང་དེ་ནི་འཆར་གཞི་ཡག་པོ་སྒྲིག་མ་ཐུབ་པ་ལས་བྱུང་ཡིན་པ་ཁས་བླངས། ཁ་སང་དགོང་མོར་གནམ་གྲུ་ཆིག་སྟོང་ལས་མང་བ་འཕུར་མཚམས་བཞག་ཅིང་། དེ་རིང་གཟའ་སྤེན་པའི་ཉིན་བྷང་གྷ་ལོར་གྱི་གནམ་ཐང་ནས་གནམ་གྲུ་ 124 དང་། མོན་བྷེ་གྲོང་ཁྱེར་ནས་གནམ་གྲུ་ 109 ། ལྡི་ལི་གསར་བ་ནས་གནམ་གྲུ་ 86 བཅས་འཕུར་རྒྱུ་ཕྱིར་འཐེན་ཟིན་པ་རོའུ་ཀྲར་ཤོག་ལ་འབྲེལ་ཡོད་ལས་བྱེད་ཅིག་གིས་བཤད།

གནམ་ཐང་འདི་དག་གི་ཕྱི་ནང་དུ་འགྲུལ་བ་མང་པོ་འཚང་ཡོད་པའི་བརྙན་པར་སོགས་ཐོན། མཁའ་འགྲུལ་ཁེ་གཉེར་འདིས། ཟླ་བ་འདིའི་ཚེས་ 10 ནས་ཚེས་ 15 བར་དཀའ་ངལ་འདི་སེལ་ནས། གནམ་གྲུ་དག་སྔར་རྒྱུན་ལྟར་འཕུར་ཐུབ་པ་བཟོ་རྒྱུ་ཚོད་དཔག་བྱེད་བཞིན་ཡོད་ཅེས་བཤད། ཨིན་ཀྲི་གྷོ་(Indigo)ནི་རྒྱ་གར་གྱི་མཁའ་འགྲུལ་ཁེ་གཉེར་ཆེ་ཤོས་དེ་ཡིན་པ་དང་། རྒྱལ་ནང་དུ་འཕུར་མཁན་གྱི་གནམ་གྲུ་བརྒྱ་ཆ་ 60% ལས་མང་བ་ཁོ་ཚོའི་ཡིན་པས། ཁེ་གཉེར་འདི་ལ་ཤུགས་རྐྱེན་ཐེབས་ཚེ་རྒྱ་གར་གྱི་མཁའ་འགྲུལ་སྡེ་ཚན་སྤྱི་ལ་ཤུགས་རྐྱེན་ཐེབས་བཞིན་པ་བཤད།

ཐེངས་འདིར་དུས་ལྟར་འཕུར་མ་ཐུབ་པའི་འགྲུལ་བ་དག་ལ་མགྲོན་ཁང་སོགས་གོ་སྒྲིག་བྱེད་བཞིན་པ་གསལ། བདུན་ཕྲག་འདིའི་ནང་མཁའ་འགྲུལ་ཁེ་གཉེར་འདིའི་ཁྲོམ་རའི་རིན་ཐང་བརྒྱ་ཆ་ 9% མར་ཆག་ཟིན་པའི་གནས་ཚུལ་ཐོན། མཁའ་འགྲུལ་ཁེ་གཉེར་འདི་ནི་རྒྱ་གར་གྱི་འབྱོར་ལྡན་རཱ་ཧུལ་བྷ་ཏི་ཡ་(Rahul Bhatia)དང་། ཁོས་བཙུགས་པའི་ཁེ་གཉེར་སོགས་ལ་དབང་བ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག