མཁའ་དབྱིངས་སྐར་དཔྱད་རྒྱང་ཤེལ་(James Webb telescope)བརྒྱུད། སྐར་ཚོམ་ཞིག་མཐོང་ཟིན་པ་དང་། འདི་དག་ནི་གས་འཐོར་ཆེན་མོའི་རྗེས་སུ་ཐོག་མར་གྲུབ་པའི་སྐར་མ་དག་ཡིན་པ་ཚོད་དཔག་བྱེད།
•. ཨ་རིའི་མཁའ་དབྱིངས་ཞིབ་འཇུག་ཚོགས་པ་ནཱ་ས་དང་ཡུ་རོབ། ཁེ་ན་ཀྲ་བཅས་ཀྱི་སྟངས་འཛིན་འོག་ཡོད་པ། མཁའ་དབྱིངས་སྐར་དཔྱད་རྒྱང་ཤེལ་(James Webb telescope)བརྒྱུད། སྐར་ཚོམ་ཞིག་མཐོང་ཟིན་པ་དང་། དེ་དག་ནི་ང་ཚོའི་སའི་གོ་ལ་ནས་འོད་ལོ་ཐེར་འབུམ་ 13 གྱི་ཕ་རོལ་དུ་ཡོད་པ་དང་། སྐར་མ་འདི་དག་གི་བོང་ཚད་ནི་ང་ཚོའི་ཉི་མ་ལས་ལྡབ་ 100 ནས་ས་ཡ་ 1 བར་ཡོད་པ། འོད་མདངས་ཧ་ཅང་ཆེ་བ། གྲུབ་བྱེད་ཀྱི་རྫས་ནི་ཡང་རླུང་དང་ཧེ་ལི་ཡམ་(helium)ཡིན་པ་དང་། འདི་དག་ནི་གས་འཐོར་ཆེན་མོའི་རྗེས་སུ་ཐོག་མར་གྲུབ་པའི་སྐར་མ་དག་ཡིན་པ་ཚོད་དཔག་བྱེད།
•. ཚན་རིག་པ་གྲགས་ཅན་ཨ་ཡེན་སི་ཀྲེན་གྱིས་ཐོག་མར་སྐར་མ་འདི་འདྲ་ཞིག་ཡོད་དགོས་པའི་ལྟ་བ་བཏོན་པ་དང་། ད་ལྟ་བར་འདི་ནི་དངོས་ཁམས་ཁྱབ་ཁོངས་ཀྱི་ལྟ་གྲུབ་ཅིག་གི་ངོ་བོར་ལྷག་པ་ལས་སུས་ཀྱང་དངོས་སུ་མ་མཐོང་། གལ་སྲིད་འདི་དག་དོན་དངོས་སུ་གས་འཐོར་རྗེས་སུ་གྲུབ་པའི་སྐར་མ་དག་ཡིན་ཚེ། འདི་ནི་སྐར་དཔྱད་རྒྱང་ཤེས་བརྒྱུད་སྐར་མ་འདི་དག་མཐོང་བ་ཐོག་མ་དེ་གྱུར་ཅིང་། འདི་ལ་བརྟེན་ནས་འོད་མའི་ལམ་ཐོག་མར་ཇི་ལྟར་གྲུབ་སོགས། འཇིག་རྟེན་ཁམས་ཀྱི་གསང་གནས་མང་པོ་ཞིག་གྲོལ་རྒྱུ་ཡིན་པ་ཚོད་དཔག་བྱེད། དོན་དངོས་སུ་སྐར་མ་འདི་དག་གྲུབ་ནས་དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གི་ནང་དུ་འཇིག་ཟིན་པ་དང་། ད་ལྟ་རྒྱང་ཤེལ་ནས་མཐོང་བ་ནི་དེ་དག་གི་འོད་མུ་མཐུད་དུ་ཚུར་ཡོང་བཞིན་པ་དེ་ཡིན་དགོས།
