Homeརྒྱལ་སྤྱི།དཀྱིལ་ཤར།གྲོང་བརྡལ་རྒྱ་བསྐྱེད།

གྲོང་བརྡལ་རྒྱ་བསྐྱེད།

Date:

ཨེ་ཛི་རལ་གྱི་གཞུང་གིས། རྗོར་རྡན་གཙང་པོའི་ནུབ་རྒྱུད་ས་ཁུལ་དུ་གསར་དུ་བརྒྱབས་ཟིན་པ། གྲོང་བརྡལ་གསར་བ་གྲངས་ 19 གཞུང་འབྲེལ་ངང་ངོས་འཛིན་བྱས།

ཨེ་ཛི་རལ་གྱི་གཞུང་གིས། རྗོར་རྡན་གཙང་པོའི་ནུབ་རྒྱུད་ས་ཁུལ་དུ་གསར་དུ་བརྒྱབས་ཟིན་པ། གྲོང་བརྡལ་གསར་བ་གྲངས་ 19 གཞུང་འབྲེལ་ངང་ངོས་འཛིན་བྱས། རྒྱལ་སྤྱིའི་ཁྲིམས་ལྟར་ན་འདི་ནི་ཁྲིམས་འགལ་ཡིན་པ་དང་། རྗོར་རྡན་གཙང་པོའི་ནུབ་བརྒྱུད་ས་ཁུལ་དེ་འབྱུང་འགྱུར་འཛུགས་རྒྱུ་ཡིན་པའི་རྒྱལ་ཁབ། པཱ་ལི་སི་ཐན་གྱི་ས་ཆ་ཡིན་དགོས། ཐག་གཅོད་འདི་ལ་སོ་ཐེ་ཨ་རབ་བྷེ་ཡ་སོགས་ཁ་ཆེ་རྒྱལ་ཁབ་ཚོས་སྐྱོན་བརྗོད་བྱས།

ཕྱི་ལོ་ 1990 ནང་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་བཞག་པའི་གྲོས་མཐུན་དག་གི་ཁྲོད། རྗོར་རྡན་གཙང་པོའི་ནུབ་རྒྱུད་ས་ཁུལ་དེ་སྡེ་ཚན་ 3 དུ་བགོས་ཤིང་། ས་ཆ་བརྒྱ་ཆ་ 18% གྱི་བདེ་སྲུང་དང་འཛིན་སྐྱོང་དབང་ཆ་གཉིས་ཀ་པཱ་ལི་སི་ཐན་གྱི་དབང་སྒྱུར་བ་ཚོའི་འོག་ཏུ་འཇོག་རྒྱུ་བྱས། བརྒྱ་ཆ་ 22% ཀྱི་ཞི་བའི་འཛིན་སྐྱོང་དེ་པཱ་ལི་སི་ཐན་གྱིས་བྱ་རྒྱུ་དང་། བདེ་སྲུང་གི་འགན་དེ་ཨེ་ཛི་རལ་གྱིས་འཁུར་རྒྱུ་བྱས། ལྷག་མ་བརྒྱ་ཆ་ 60% ཡས་མས་ཀྱི་བདེ་སྲུང་དང་། འཛིན་སྐྱོང་ཆ་ཚང་ཨེ་ཛི་རལ་གྱིས་འཁུར་རྒྱུ་ཐག་བཅད་ཟིན།

ཟླ་བ་འདིའི་མཇུག་ཏུ་ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཨ་རིར་ཡོང་རྒྱུ་དང་། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ཁོ་གཉིས། ཧྥི་ལོ་ར་སྒྲ་མངའ་སྡེར་ཡོད་པ། སྒྲོ་ནལ་ཁྲི་རམ་ཕུའི་རྒྱས་སྤྲོ་ཁང་མར་ལ་གྷོ་རུ་ཐུག་རྒྱུ་ཡིན་གསལ། གནས་ཚུལ་ལ་ཐད་ཀར་རྒྱུས་མངའ་ཡོད་པའི་མི་ཞིག་གིས་ཨེན་བྷི་སི་གསར་ཁང་ལ་བཤད་པ་ལྟར་ན། སྐབས་དེར་ནེ་ཏན་ཡ་ཧུ་ཡིས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཨེ་རན་གྱིས་ད་ལྟ་ཡང་བསྐྱར་ཉིང་རྡུལ་བསྟི་གནས་དག་བསྐྱར་གསོ་དང་། ཐག་རིང་སྙོབས་པའི་བྷ་ལི་སི་ཀྲི་ཁི་འཕུར་མདའ་བཟོ་སྐྲུན་ཤུགས་ཆེ་རུ་གཏོང་བཞིན་པས། ཨེ་རན་གྱི་སྟེང་སླར་ཡང་གཏོར་རྒོལ་བྱ་དགོས་པའི་བསམ་ཚུལ་འདོན་འཆར་ཡོད་པ་བཤད།

ཨེ་རན་ནི་དཀྱིལ་ཤར་གྱི་ཁ་ཆེ་དྲག་དཔུང་ཧཱ་མ་སི་དང་། ཧེ་ཛི་བྷོ་ལ། ཧུ་ཏེ་བཅས་ཀྱི་རྒྱབ་རྟེན་གཙོ་བོ་དེ་ཡིན་པ་དང་། ད་ལོའི་ཕྱི་ཟླ་ 6 ཚེས་ 13 ནས་ཚེས་ 24 བར། ཨེ་ཛི་རལ་དང་ཨེ་རན་བར་ཐད་ཀར་མཁའ་ཐོག་ནས་གཏོར་རྒོལ་བྱས་རེས་བྱས་ཤིང་། ཨེ་རན་གྱི་ཆེས་མཐོའི་དམག་སྤྱི་དང་ལས་བྱེད། གལ་ཆེན་ཚན་རིག་པ་བཅས་མི་མང་པོ་བསད། འདི་ལ་ཉིན་བཅུ་གཉིས་ཀྱི་དམག་འཁྲུག་ཅེས་འབོད། ཕྱི་ཟླ་ 6 ཚེས་ 22 ཉིན་ཨ་རིའི་འཐབ་འཛིང་གནམ་གྲུ་ B-22 ཡིས། ཨེ་རན་གྱི་ཉིང་རྡུལ་བསྟི་གནས་གཙོ་བོ་ 3 ལ་གཏོར་རྒོལ་བྱས། གྲུབ་འབྲས་ནི་གཙོ་གཞི་ཅན་ཞིག་ཏུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག