Homeགལ་ཆེན་གསར་འགྱུར།དམིགས་བསལ་གལ་ཆེན་གསར་འགྱུར།

དམིགས་བསལ་གལ་ཆེན་གསར་འགྱུར།

Date:

ཨ་རིའི་གཞུང་གིས། ལོ་རྗེས་མར་རྒྱལ་ནང་དུ་ཁྲིམས་མཐུན་སྐྱབས་བཅོལ་བ་ལེན་རྒྱུའི་གྲངས་དེ་ 7,500 བར་བསྙུང་རྒྱུ་དང་། གྲངས་ཀ་དེའང་གཙོ་བོ་ལྷོ་ཨ་ཧྥེ་རི་ཀའི་མི་དཀར་དག་ལ་གཙོས། གནོད་འཚེ་འཕོག་ཡུལ་གྱི་ས་ཆ་དག་ནས་ལེན་རྒྱུ་ཡིན་པ་བཤད། གྲངས་ཀ་འདི་ལྟར་བསྙུངས་རྒྱུ་ཐག་བཅད་པར་རྒྱུ་མཚན་ཁ་གསལ་ཞིག་མ་སྤྲད་ཀྱང་། རྒྱལ་ཁབ་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་གལ་ཆེན་བརྩི་རྒྱུ་ཡིན་པ་རྒྱབ་རྟེན་གྱི་ཚུལ་དུ་དྲངས།

◼️ སྒྲོ་ནལ་ཁྲི་རམ་ཕུ་དང་ཨེ་ལོན་མ་སི་ཁི་སོགས་ལྟར་ན། ལྷོ་ཨ་ཧྥེ་རི་ཀར་མི་ནག་ཚོས་མི་དཀར་དམར་གསོད་དང་། གཞུང་གིས་མི་དཀར་ཚོའི་བདེ་འཇགས་སྲུང་སྐྱོབས་བྱེད་ཐུབ་ཀྱི་མེད་པ་བཤད། ལྷོ་ཨ་ཧྥེ་རི་ཀའི་ཞིང་ས་མང་པོ་ཞིག་མི་དཀར་ཚོས་བཟུང་ཡོད་པ་ལ། ལོ་འདིར་ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས་གུན་ཟབ་མེད་པར་མི་སྒེར་གྱི་ལག་ནས་ས་ཆ་གཞུང་བཞེས་བྱེད་ཆོག་པའི་ཁྲིམས་ཤིག་བཟོས། ཨ་རིའི་རྙིང་ཞེན་ཤོག་ཁག་གི་ཆབ་སྲིད་པ་དང་། དཔྱད་བརྗོད་པ་དག་ལྟར་ན། འདི་ནི་ཡུལ་དེར་ཡོད་པའི་མི་དཀའ་ཚོར་ཆེད་དུ་དམིགས་པ་ཞིག་ཡིན་པ་བཤད།

ད་ལོའི་ཕྱི་ཟླ་ 5 ནང་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་རཱ་མ་ཕོ་ས་ཨ་རིར་སླེབས་དུས། ལྷོ་ཨ་ཧྥེ་རི་ཀར་མི་དཀར་ཚོར་གནོད་འཚེ་འཕོག་པའི་གནས་ཚུལ་དག སྒྲོ་ནལ་ཁྲི་རམ་ཕུས་ཁོ་ལ་གསར་འགོད་པའི་མདུན་ནས་བརྙན་ལམ་བརྒྱུད་བསྟན། དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ལྷོ་ཨ་ཧྥེ་རི་ཀ་ནས་མི་བརྒྱུད་དཀར་པོ་སྐྱབས་བཅོལ་ལེན་རྒྱུའི་ལས་གཞི་དངོས་སུ་འགོ་བཙུགས་ཟིན། སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་མཁན་ཚོ་དང་། སྐྱབས་བཅོལ་བར་ལྟ་རྟོག་བྱེད་མཁན་ཚོས། འདི་ནི་མི་རིགས་དབྱེ་འབྱེད་ཀྱི་བྱེད་སྟངས་ཤིག་རེད་ཅེས་བཤད།

སྒྲོ་ནལ་ཁྲི་རམ་ཕུའི་སྲིད་འཛིན་སྐབས་སྔོན་མ་སྟེ། ཕྱི་ལོ་ 2020 ལོར་རྒྱལ་ནག་དུ་ཁྲིམས་མཐུན་སྐྱབས་བཅོལ་བ་ལེན་རྒྱུའི་ས་མིག་གྲངས་ 15,000 ལས་བཞག་མེད། དེའི་རྗེས་སྲིད་འཛིན་བྷ་ཀྲན་གྱི་སྐབས་སུ། ལོ་རེར་ཁྲིམས་མཐུན་སྐྱབས་བཅོལ་བ་ལེན་རྒྱུའི་གྲངས་དེ་ 125,000 ལ་ཡར་སྤར། སྒྲོ་ནལ་ཁྲི་རམ་ཕུ་ལྟར་ན། བྷ་ཀྲན་སྲིད་གཞུང་གི་དུས་ཡུན་རིང་། ཁྲིམས་འགལ་སྐྱབས་བཅོལ་བ་ས་ཡ་ 20 ཡས་མས་ཨ་རིའི་རྒྱལ་ནང་དུ་འཛུལ་ཟིན་པ་བཤད། གྲངས་ཀ་འདི་བདེན་མིན་ཇི་ལྟར་ཡང་། བྷ་ཀྲན་གྱི་སྐབས་ནི་ཨ་རིའི་རྒྱལ་ནང་ལ་ཕྱི་མི་བླུག་པའི་ཚད་མཐོ་ཤོས་ཀྱི་དུས་ཚོད་ཅིག་ཏུ་གྱུར།

སྒྲོ་ནལ་ཁྲི་རམ་ཕུས། བྷ་ཀྲན་ནི་ཨ་རིའི་ལོ་རྒྱུས་ནང་གི་སྲིད་འཛིན་སྡུག་ཤོས་དེ་རེད་ཅེས་ཟེར་དོན་གཙོ་བོ་ཞིག་ནི། ཕྱི་མི་མང་པོ་ཨ་རིའི་རྒྱལ་ནང་དུ་ཡོང་དུ་བཅུག་པ་དེ་རྒྱུ་མཚན་དུ་འདྲེན་བཞིན་ཡོད། ད་ལོའི་ཕྱི་ཟླ་ 1 ནང་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་པ་དང་། ཨ་རིའི་རྒྱལ་ནང་དུ་འཛུལ་བའི་སྐྱབས་བཅོལ་བ་ཚོར་ལྟ་ཞིབ་དང་ལྟ་སྐྱོང་།སྲུང་སྐྱོབ་བྱེད་པའི་ལས་གཞི་གཙོ་བོ་(USRAP)རེ་ཞིག་ཕྱིར་འཐེན་དགོས་པ། སྒྲོ་ནལ་ཁྲི་རམ་ཕུས་བཀའ་རྒྱ་བཏང་། དེ་བཞིན་ལོ་འདིར་ཨ་རིའི་ལྷོ་ཕྱོགས་རྒྱལ་མཚམས་ནས་འཛུལ་མཁན་གྲངས་ཧ་ཅང་ཉུང་དུ་ཕྱིན་ཟིན་པའི་གནས་ཚུལ་ཐོན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག