Homeདཔལ་འབྱོར།འཕྲུལ་རིགན་གཞོན་ཚོར་སྤྱི་ཚོགས་དྲྭ་རྒྱ་ཚོད་འཛིན།

ན་གཞོན་ཚོར་སྤྱི་ཚོགས་དྲྭ་རྒྱ་ཚོད་འཛིན།

Date:

སྤྱི་ཚོགས་དྲྭ་རྒྱའི་སྟེང་འཁོན་སེམས་ཀྱི་སྐད་ཆ་དང་། འཁྲིག་སྤྱོད་དང་འབྲེལ་བའི་བརྙན་པར་སོགས། བྱིས་པའི་སེམས་ཁམས་འཚར་ལོང་ལ་གནོད་པ་མང་པོ་ཁྱབ་བཞིན་པས། རྒྱལ་ནང་གི་བྱིས་པ་ལོ་ན་ 16 གྱི་འོག་ཅན་དག་ལ་སྤྱི་ཚོགས་དྲྭ་རྒྱ་འགོག་རྒྱུ་ཡིན་པ་བསྒྲགས།

ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་ཡོད་པ། ཨེ་ལོན་མ་སི་ཁིའི་སྤྱི་ཚོགས་དྲྭ་སྟེགས་ཨེག་སི་(X)ཡི་ས་གནས་ལས་ཁུངས་སུ། ཧྥ་རན་སིའི་དྲྭ་རྒྱའི་བདེ་འཇགས་ཚན་པའི་ལས་བྱེད་དག་འཛུལ་ཅིང་ཞིབ་བཤེར་བྱས། དོགས་ཡོད་ཉེས་པ་ནི་ལས་ཁུངས་འདིས་ཁྲིམས་འགལ་གྱི་གནས་ཚུལ་རྫུན་བཟོ་དང་། འཁྲིག་སྤྱོད་དང་འབྲེལ་བའི་བྱིས་པའི་བརྙན་པར་སོགས་མཉར་ཡོད་མེད་དེ་གྱུར། ཧྥ་རན་སིའི་ནག་ཉེས་འཛུགས་མཁན་ཚོས། ད་ལོའི་ཕྱི་ཟླ་ 4 ནང་ཨེ་ལོན་མ་སི་ཁི་དང་། ཨེག་སིའི་སྤྱི་གཉེར་ཟུར་བ་ལྕམ་ལིན་རྡ་ཡག་ཀ་རེ་ནོ་(Linda Yaccarino)གཉིས་ཁྲིམས་ཁང་ལ་ཉན་ཞིབ་ཆེད་ཡོང་དགོས་པའི་བཀའ་བཏང་ཟིན་པའི་གནས་ཚུལ་ཐོན།

ཨེ་ལོན་མ་སི་ཁིས། འདི་ནི་ཁོ་དང་ཁོའི་སྤྱི་ཚོགས་དྲྭ་སྟེགས་འདིར་ཆབ་སྲིད་ཀྱི་ཚུར་རྒོལ་བྱས་པ་ཞིག་ཡིན་པ་བསྒྲགས། ཨེག་སི་ཁེ་གཉེར་གྱིས། ཧྥ་རན་སིའི་ཐག་གཅོད་འདི་ལ་བློ་ཕམ་ཡོད་ཀྱང་། འདི་འདྲ་ཞིག་བྱ་རྒྱུ་ཡིན་པར་ཧ་ལས་མ་སོང་ཞེས་བཤད། ཧྥ་རན་སིའི་གཞུང་གིས་ལོ་སྔོན་མའི་ཕྱི་ཟླ་ 1 ནང་ནས་དྲྭ་སྟེགས་འདི་ལ་ཞིབ་འཇུག་འགོ་བཙུགས། དེ་བཞིན་དབྱིན་ཇི་གཞུང་གིས་ཀྱང་། ཨེ་ལོན་མ་སི་ཁིའི་བཅོས་མའི་རིག་པའི་མཉེན་ཆས། གྷི་རོ་ཁི་(Grok)ལ་ཞིབ་འཇུག་འགོ་བཙུགས་ཟིན། སྟེགས་བུ་འདི་དག་གི་སྟེང་མི་སྒེར་གྱི་བརྙན་པར་བེད་སྤྱོད་ཀྱིས་བཟོས་པ།
འཁྲིག་སྤྱོད་ཀྱི་རྣམ་པ་ཐོན་པའི་གནས་ཚུལ་དང་བརྙན་པར་མང་པོ་ཚོད་འཛིན་མེད་པར་བཀྲམས་པའི་གནས་ཚུལ་ཞིག་བྱུང་།

སི་པན་གྱི་སྲིད་བློན་གྱིས། ད་ལྟའི་སྤྱི་ཚོགས་དྲྭ་རྒྱའི་སྟེང་འཁོན་སེམས་ཀྱི་སྐད་ཆ་དང་། འཁྲིག་སྤྱོད་དང་འབྲེལ་བའི་བརྙན་པར་སོགས། བྱིས་པའི་སེམས་ཁམས་འཚར་ལོང་ལ་གནོད་པ་མང་པོ་ཁྱབ་བཞིན་པས། རྒྱལ་ནང་གི་བྱིས་པ་ལོ་ན་ 16 གྱི་འོག་ཅན་དག་ལ་སྤྱི་ཚོགས་དྲྭ་རྒྱ་འགོག་རྒྱུ་ཡིན་པ་བསྒྲགས། དེ་བཞིན་གྷི་རེ་སི་གཞུང་གིས་ཀྱང་བྱིས་པ་ལོ་ན་ 15 ཡི་འོག་ཅན་དག་ལ་དེ་ལྟར་འགོག་ལ་ཉེ་བའི་གནས་ཚུལ་ཐོན། ཧྥ་རན་སིའི་གྲོས་ཚོགས་སུའང་ད་ལྟ་འདིའི་ཐད་ལས་ཀ་བྱེད་བཞིན་པའི་མཚམས། ལོ་ན་ 16 གྱི་འོག་ཅན་དག་ལ་སྤྱི་ཚོགས་དྲྭ་རྒྱ་འགོག་མཁན་ཐོག་མ་དེ་ཨོ་སི་ཁྲོ་ལི་ཡ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག