Homeརྒྱལ་སྤྱི།ཨེ་ཤ་ཡ།མཚན་ཚོགས་ཁང་གི་བདག་པོ་གཉིས་བྲོས།

མཚན་ཚོགས་ཁང་གི་བདག་པོ་གཉིས་བྲོས།

Date:

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་མཚན་མོར། རྒྱ་གར་ལྷོ་ཕྱོགས་ཀྱི་གྷོ་ཝ་ས་ཁུལ་གྱི་ཨར་པོ་ར་(Arpora)ཞེས་པའི་གྲོང་གསེབ་ཏུ་ཡོད་པ། མཚན་ཚོགས་ཁང་ཞིག་ཏུ་མེ་སྐྱོན་ཆེན་པོ་བྱུང་ཞིང་མི་ 25 རྐྱེན་འདས་སུ་ཕྱིན།

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་མཚན་མོར། རྒྱ་གར་ལྷོ་ཕྱོགས་ཀྱི་གྷོ་ཝ་ས་ཁུལ་གྱི་ཨར་པོ་ར་(Arpora)ཞེས་པའི་གྲོང་གསེབ་ཏུ་ཡོད་པ། མཚན་ཚོགས་ཁང་ཞིག་ཏུ་མེ་སྐྱོན་ཆེན་པོ་བྱུང་ཞིང་། དེའི་ཁྲོད་ལས་བྱེད་ 14 དང་ཡུལ་སྐོར་བ་ 4 བཅས་ཚུད་པའི་ཁྱོན་མི་ 25 རྐྱེན་འདས་སུ་ཕྱིན་ཟིན་པ་ལྟར། དོན་རྐྱེན་འདི་བྱུང་ནས་ཆུ་ཚོད་འགའི་རྗེས་སུ། མཚན་ཚོགས་ཁང་འདིའི་བདག་པོ་སུ་ར་བྷི་(Saurabh)
ཞེས་པ་དང་། གྷའོ་ར་ཝི་(Gaurav Luthra)ཞེས་སྤུན་གཉིས་ཡོད་པ་ཐེ་ལན་དུ་བྲོས་ཟིན་པའི་གནས་ཚུལ་ཐོན། གནས་ཚུལ་འདི་བདེན་པ་ཡིན་པ་རྒྱ་གར་གཞུང་གིས་ཀྱང་གཏན་འཁེལ།

རྒྱ་གར་ཉེན་རྟོག་པས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་ལྷན་ཚོགས་(Interpol)ལ། མི་འདི་གཉིས་འཛིན་རྒྱུར་རོགས་རམ་བྱ་དགོས་པའི་སྙན་ཞུ་ཕུལ་ཟིན་པ་གསལ། མཚན་ཚོགས་ཁང་འདིའི་སྤྱི་གཉེར་གཙོ་བོ་ཡིན་པ་སུ་ར་བྷི་ཞེས་པ་འདིས། རང་གི་སྤྱི་ཚོགས་དྲྭ་རྒྱའི་སྟེང་ཐེངས་འདིའི་ཆག་སྒོ་ཁྲོད་ཚུད་པ་དག་གི་འབྲེལ་ཡོད་ཚོར་མྱ་ངན་ཞུ་ཚིག་ཅིག་སྤེལ། ཡིན་ན་ཡང་ཁོ་རང་ཉིད་གང་དུ་ཡོད་པ་མ་བྲིས།

ཐོག་མར་ས་གནས་ཀྱི་ཉེན་རྟོག་དཔོན་ལྟར་ན། ཆག་སྒོ་འདིའི་རྒྱུ་རྐྱེན་གཙོ་བོ་ནི་རླངས་རྫས་ལྕགས་ཟོ་ཞིག་གས་འཐོར་བྱུང་ནས་ཡིན་པ་བཤད་ཀྱང་། ད་ལྟ་ཞིབ་འཇུག་ཚོགས་པ་ཞིག་ལྟར་ན། དེ་ནི་ཁང་པའི་ནང་དུ་ཤོག་སྦག་སྤར་ལ་བརྟེན་ནས་ཡིན་པ་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག