Homeརྒྱལ་སྤྱི།ཨ་མེ་རི་ཀམི་སེར་ཐོབ་ཐང་གཉིས་མཉར་མི་ཆོག

མི་སེར་ཐོབ་ཐང་གཉིས་མཉར་མི་ཆོག

Date:

ཨ་རིའི་སྲིད་འཛིན་གཞོན་པ་རྗེ་སྒྲེ་ཝན་སི་ཡིས། ཨ་རིའི་རྒྱལ་ནང་དུ་ས་ཁང་གི་གོང་ཚད་འཕར་བ་འདི་ནི། བྷ་ཀྲན་སྲིད་གཞུང་གིས་ཕྱི་མི་ས་ཡ་ 20 ཨ་རིའི་རྒྱལ་ནང་དུ་བླུག་ཏུ་བཅུག་པ་ལས་བྱུང་བ་རེད་ཅེས་བཤད། དེ་དང་ལྷན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ནེ་མོ་རེ་ནོ་(Bernie Moreno)ཞེས་པས། ཨ་རིའི་མི་སེར་ཞིག་ཡིན་ན་རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་མཉར་མི་ཆོག་པའི་ཁྲིམས་འཆར་ཞིག་གྲོས་ཚོགས་སུ་ཕུལ། ཁོ་ནི་སྒྲོ་ནལ་ཁྲི་རམ་ཕུའི་རྒྱབ་སྐྱོར་བ་ཞིག་ཡིན་པ་གསལ།

ཡིན་ན་ཡང་། སྒྲོ་ནལ་ཁྲི་རམ་ཕུའི་བཟའ་ཟླ་ལྕམ་མི་ལ་ནེ་ཡ་དང་མོའི་བུ་གཉིས་ཀྱིས། ཨ་རི་དང་སི་ལོ་ཝེ་ནེ་ཡ་གཉིས་ཀྱི་མི་སེར་ཐོབ་ཐང་མཉར་ཡོད་པའི་གནས་ཚུལ་ཞིག་ཐོན་ཅིང་། དེ་ལྟར་ཁོའི་ཁྲིམས་འཆར་འདི་ཕྱིན་ཚེ། སྒྲོ་ནལ་ཁྲི་རམ་ཕུའི་ཁྱིམ་ཚང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ། ཡིན་ན་ཡང་། ཁྲིམས་འཆར་འདི་འགྲོ་ཐུབ་པའི་རེ་བ་ཆེན་པོ་མེད་པ་དབྱེ་ཞིབ་པ་ཚོས་བཤད། 

དེ་བཞིན་ད་ལྟ་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། གཙོ་བོ་བྷ་ཀྲན་གྱི་སྐབས་སུ་ཨ་རིའི་རྒྱལ་ནང་དུ་འཛུལ་མཁན་ཚོར་ཞིབ་འཇུག་བྱེད་བཞིན་པ་ལྟར། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན། ཉུང་མཐར་གནས་སྤོ་བ་དང་འབྲེལ་བའི་ཁྲིམས་རྩོད་ 7 གཞུང་གིས་གནས་དབྱུང་བཏང་ཟིན་པའི་གནས་ཚུལ་ཐོན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག