Homeརྒྱལ་སྤྱི།ཨེ་ཤ་ཡ།མེ་སྐྱོན་ཁྲོད་མི་ 44 རྐྱེན་འདས་སུ་ཕྱིན། 

མེ་སྐྱོན་ཁྲོད་མི་ 44 རྐྱེན་འདས་སུ་ཕྱིན། 

Date:

ཁ་སང་ཕྱི་དྲོ་ཧོང་ཀོང་གི་ནུབ་ཕྱོགས་ཀྱི་ཐའེ་པོ་ཞེས་པའི་ས་ཁུལ་དུ། ཁང་བརྩེགས་སྐོར་ཞིག་མེ་འབར། ཁང་བརྩེགས་འདི་དག་ཏུ་མི་གྲངས་ 4,600 གནས་སྡོད་བྱས་ཡོད་པ་དང་། ཉེ་འཁོར་གྱི་ཁང་པ་དག་ཏུའང་མི་ 2,000 མ་ཟིན་ཙམ་གནས་སྡོད་བྱེད་ཡོད་པའི་གནས་ཚུལ་ཐོན། འདི་ནི་མེ་སྐྱོན་ཚད་གཞི་མཐོ་ཤོས་ཀྱི་གྲས་སུ་བརྩིས་ཤིང་། འདིའི་ཁྲོད་ད་ལྟ་བར་མི་ 44 རྐྱེན་འདས་སུ་ཕྱིན་ཟིན་པ་གཏན་འཁེལ།

གཞན་ཡང་མི་ 45 ལ་རྨས་སྐྱོན་ཚབས་ཆེན་འཕོག་ཡོད་པ་བསྒྲགས། དེ་བཞིན་ད་དུང་ཡང་མི་ 279 ཤི་གསོན་མ་ངེས་པའི་མཚམས། རྐྱེན་འདས་སུ་ཕྱིན་ཟིན་པ་དག་གི་ཁྲོད། མེ་གསོད་རུ་ཁག་གི་ལས་བྱེད་ཅིག་ཀྱང་ཚུད་ཟིན་པ། ཧོང་ཀོང་གཞུང་གིས་བསྒྲགས།

མེ་སྐྱོན་འདིའི་རྒྱུ་རྐྱེན་གང་ཡིན་ད་དུང་ཡང་མི་གསལ་ལ། དེར་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་པ་བསྒྲགས། དེ་རིང་ཞོགས་པར་ཁང་བརྩེགས་ 8 ནས་ཁང་བརྩེགས་ 4 ཡི་སྟེང་ནས་དུ་བ་ཐོན་བཞིན་པ་དང་། རྩ་བའི་མེ་མགོ་མནན་ཟིན་པ་གསལ། འདི་ནི་འདས་པའི་ལོ་ངོ་ 60 རིང་ཧོང་ཀོང་དུ་བྱུང་བའི་མེ་སྐྱོན་སྡུག་ཤོས་དེ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག