Homeརྒྱལ་སྤྱི།ཨ་མེ་རི་ཀཝེ་ནེ་ཛོ་ལའི་རྡོ་སྣུམ་དང་ཨ་རིའི་ཁེ་གཉེར་དག

ཝེ་ནེ་ཛོ་ལའི་རྡོ་སྣུམ་དང་ཨ་རིའི་ཁེ་གཉེར་དག

Date:

ད་དུང་སྒྲོ་ནལ་ཁྲི་རམ་ཕུས། རཱ་ཤི་ཡ་དང་རྒྱ་ནག་གཉིས་ལའང་ང་འབྲེལ་བ་ཡག་པོ་ཡོད། ཁོ་ཚོས་ཀྱང་ང་ཚོ་བརྒྱུད་ནས་རྡོ་སྣུམ་ཉོ་ཆོག་པ་ཡིན། རཱ་ཤི་ཡ་ལ་རྡོ་སྣུམ་མང་པོ་ཡོད་ཀྱང་ཁོ་ཚོ་རྡོ་སྣུམ་ལ་ཧ་ཅང་དགའ་བོ་འདུག་ཅེས་བཤད།

ཁ་སང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཝེ་ནེ་ཛོ་ལའི་རྡོ་སྣུམ་ཚོང་ལས་དང་ཕྱི་འདྲེན་ཁྲོད། མ་རྐང་འཇོག་རྒྱུ་དང་འབྲེལ་ཨ་རིའི་ཁེ་གཉེར་ཚོའི་དབུ་ཁྲིད་དག་གི་ཚོགས་འདུ་ཞིག་བསྐུངས། སྐབས་དེར་སྒྲོ་ནལ་ཁྲི་རམ་ཕུས། འབྱུང་འགྱུར་ཁྱོད་ཚོས་ཝེ་ནེ་ཛོ་ལ་དང་ཐད་ཀར་འབྲེལ་བ་བྱེད་མི་དགོས། ཁྱོད་ཚོས་ང་ཚོ་(ཨ་རིའི་གཞུང་།)དང་ལྷན་འབྲེལ་བ་བྱ་དགོས་པ་རེད། ཅེས་འབྱུང་འགྱུར་ཝེ་ནེ་ཛོ་ལའི་རྡོ་སྣུམ་ཕྱིར་འཚོང་ལ་ཨ་རིས་སྟངས་འཛིན་བྱ་རྒྱུ་ཡིན་པ་གསལ་བོར་བསྟན།

ད་དུང་སྒྲོ་ནལ་ཁྲི་རམ་ཕུས། རཱ་ཤི་ཡ་དང་རྒྱ་ནག་གཉིས་ལའང་ང་འབྲེལ་བ་ཡག་པོ་ཡོད། ཁོ་ཚོས་ཀྱང་ང་ཚོ་བརྒྱུད་ནས་རྡོ་སྣུམ་ཉོ་ཆོག་པ་ཡིན། རཱ་ཤི་ཡ་ལ་རྡོ་སྣུམ་མང་པོ་ཡོད་ཀྱང་ཁོ་ཚོ་རྡོ་སྣུམ་ལ་ཧ་ཅང་དགའ་བོ་འདུག་ཅེས་བཤད། དེ་དང་ལྷན་ཨ་རིའི་ཆབ་སྲིད་མི་སྣ་དང་། བདེ་སྲུང་སྐུ་ཚབ་བཅས་ཀྱིས་གྲུབ་པའི་ལས་བྱེད་སྐོར་ཞིག་ཝེ་ནེ་ཛོ་ལར་སླེབས། སི་ཨན་ཨན་གསར་ཁང་ལྟར་ན། འདི་ནི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བསྐྱར་གསོའི་ལས་ཀའི་རིམ་པ་དང་པོ་དག་སྒྲུབ་ཆེད་ཡིན་པ་བཤད།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན། སུད་སི་གཞུང་གིས་ཡུལ་དེར་ཡོད་པའི་ཝེ་ནེ་ཛོ་ལའི་དངུལ་སྒོར་ཚང་མ་རེ་ཞིག་འགུལ་རྒྱུ་མེད་པ་ཐག་བཅད་ཟིན་པ་ལྟར། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ལོ་ 2013 ནས་ཕྱི་ལོ་ 2016 བར་ཝེ་ནེ་ཛོ་ལ་ནས་སུད་སིར་གསེར་ཨ་སྒོར་ཐེར་འབུམ་ $5.20 ཡི་རིན་ཐང་བཏང་ཟིན་པའི་སྙན་ཐོ་ཡོད་པ་བཤད། གསེར་དེ་ཡོང་ས་དངོས་ནི་ཝེ་ནེ་ཛོ་ལའི་དབུས་དངུལ་ཁང་ཡིན་པ་དང་། དུས་ཚོད་ཀྱི་ཆ་ནས་སྐབས་དེར་མཱ་རྡུ་རོ་སྲིད་སྟེགས་སུ་སླེབས་པ་དང་། ཝེ་ནེ་ཛོ་ལའི་གཞུང་གིས་དཔལ་འབྱོར་ལ་རྒྱབ་སྐྱོར་ཕྱིར། གསེར་འཚོང་བཞིན་པའི་དུས་ཡིན་པ་གསལ། ཡུ་རོབ་ཀྱི་ཉེས་ཆད་ཀྱི་རྐྱེན་པས་ཕྱི་ལོ་ 2017 ནས་ཝེ་ནེ་ཛོ་ལ་ནས་སུད་སིར་གསེར་གཏོང་མ་ཐུབ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག