Homeརྒྱལ་སྤྱི།ཨ་མེ་རི་ཀཝེ་ནེ་ཛོ་ལས་ཨ་རིར་རྡོ་སྣུམ་འཚོང་རྒྱུར་ཁས་བླངས་སོང་།

ཝེ་ནེ་ཛོ་ལས་ཨ་རིར་རྡོ་སྣུམ་འཚོང་རྒྱུར་ཁས་བླངས་སོང་།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨ་རི་དང་ཝེ་ནེ་ཛོ་ལའི་བར་དུ། ཝེ་ནེ་ཛོ་ལས་ཨ་རིར་ཨ་སྒོར་ཐེར་འབུམ་ $2 བར་གྱི་རིན་ཐང་རྡོ་སྣུམ་འཚོང་རྒྱུར་གྲོས་མཐུན་ཟིན་པ་བསྒྲགས། དེ་ནི་བཙག་མེད་པའི་རྡོ་སྣུམ་ལྕགས་ཟོ་ས་ཡ་ 30 ནས་ 50 བར་ཡིན་སྲིད་པ་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨ་རི་དང་ཝེ་ནེ་ཛོ་ལའི་བར་དུ། ཝེ་ནེ་ཛོ་ལས་ཨ་རིར་ཨ་སྒོར་ཐེར་འབུམ་ $2 བར་གྱི་རིན་ཐང་རྡོ་སྣུམ་འཚོང་རྒྱུར་གྲོས་མཐུན་ཟིན་པ་བསྒྲགས། དེ་ནི་བཙག་མེད་པའི་རྡོ་སྣུམ་ལྕགས་ཟོ་ས་ཡ་ 30 ནས་ 50 བར་ཡིན་སྲིད་པ་བཤད། ཐག་གཅོད་འདིས། ཝེ་ནེ་ཛོ་ལས་རྒྱ་ནག་ལ་འཚོང་བཞིན་པའི་རྡོ་སྣུམ་དག་ཐད་ཀར་ཨ་རིར་འཚོང་དགོས་པ་ཞིག་ཏུ་བཟོས། ཐག་གཅོད་འདི་ཕྱིར་བསྒྲགས་པ་དང་ཨ་རིའི་རྒྱལ་ནང་གི་རྡོ་སྣུམ་རིན་གོང་བརྒྱ་ཆ་ 1.5% མར་ཆག

གྲོས་མཐུན་འདི་ནི་ཝེ་ནེ་ཛོ་ལའི་གཞུང་གིས། སྒྲོ་ནལ་ཁྲི་རམ་ཕུའི་དགོས་འདུན་དག་བསྒྲུབ་འདོད་ཡོད་པའི་རྟགས་ཆེན་པོ་ཞིག་ཏུ་གྱུར་ཅིང་། སྒྲོ་ནལ་ཁྲི་རམ་ཕུས། ཨ་རི་དང་སྒེར་བ་ཁེ་གཉེར་དག་ལ། ཝེ་ནེ་ཛོ་ལའི་རྡོ་སྣུམ་ཉོ་རྒྱུ་དང་། རྡོ་སྣུམ་བཟོ་གྲྭ་དག་ཏུ་འཛུལ་རྒྱུའི་ཐོབ་ཐང་ཡོངས་སུ་སྤྲད་དགོས་པ་ཤོད་ཀྱི་ཡོད། སྒྲོ་ནལ་ཁྲི་རམ་ཕུ་ལྟར་ན། རྡོ་སྣུམ་གྱི་རིན་གོང་དེ་ཁྲོམ་རའི་ཚད་གཞི་ལྟར་སྤྲད་རྒྱུ་དང་། རྡོ་སྣུམ་བཙོང་བ་ལས་ཐོབ་པའི་དངུལ་སྒོར་དེ་ཨ་རིའི་གཞུང་གིས་སྟངས་འཛིན་དང་། ཝེ་ནེ་ཛོ་ལའི་མི་དམངས་དང་། ཨ་རི་གཉིས་ཀར་ཕན་པ་ཡོད་པ་ཞིག་ཏུ་བསྒྱུར་རྒྱུ་ཡིན་པ་བཤད།

ཐག་གཅོད་འདིའི་རྐྱེན་པས། རྒྱ་ནག་ལ་འདྲེན་ཆེད་གྲུ་གཟིངས་ནང་བཞག་ཟིན་པའི་རྡོ་སྣུམ་ལྕགས་ཟོ་མང་པོའང་ཐད་ཀར་ཨ་རིར་གཏོང་དགོས་འགྱུར་ངེས་ཡིན་པ་བཤད། དབྱེ་ཞིབ་ལྟར་ན་རྒྱལ་སྤྱིའི་རྡོ་སྣུམ་སྐྱེལ་འདྲེན་དང་། ཚོང་ར་སྔར་བཞིན་བརྟན་པོ་ཡིན་པས། དུས་ཐུང་གི་ཆ་ནས་ཐག་གཅོད་འདིས་རྒྱ་ནག་གི་རྡོ་སྣུམ་ཁྲོམ་རར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་མིན་པ་བཤད། གནས་ཚུལ་འདིས་སྒྲོ་ནལ་ཁྲི་རམ་ཕུ་ལ་དགོས་པ་ནི་གཙོ་བོ་རྡོ་སྣུམ་ཡིན་པ་ལས། ཁོ་ལ་མཚོན་ན་ཝེ་ནེ་ཛོ་ལའི་ད་ལྟའི་གཞུང་བརྗེ་རྒྱུ་དེ་གལ་ཆེན་ཞིག་མིན་པ་གསལ་བོ་བསྟན་པ་ཞིག་ཡིན་པ་ཤོད་མཁན་བྱུང་།

ཡིན་ན་ཡང་། ཐེངས་འདིར་རྒྱ་ནག་གི་མཐུན་གྲོགས་གཙོ་བོ་མཱ་རྡུ་རོ་བཟུང་ཞིང་། ད་དུང་ཀུ་པ་དམར་ཤོག་རྒྱལ་ཁབ་དང་ཀོ་ལིམ་བྷེ་ཡ། མེག་སེ་ཀོ་སོགས་ལ། སྒྲོ་ནལ་ཁྲི་རམ་ཕུས་ཉེན་བརྡ་གཏོང་བཞིན་པ་འདིས།འདས་པའི་ལོ་མང་པོའི་རིང་ཚོང་འབྲེལ་ཤུགས་ཆེན་བཙུགས་པ་བརྒྱུད།ལྷོ་དང་དབུས་ཨ་མེ་རི་ཀའི་གླིང་གི་རྒྱལ་ཁབ་དག་ལ་རྒྱ་ནག་གིས་འབད་བརྩོན་གྱིས་འབྲེལ་བ་བཙུགས་པ་དང་། རང་གི་ཤུགས་རྐྱེན་རྒྱ་བསྐྱེད་བྱས་པ་དེར་ཚོད་བགམ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དབྱེ་ཞིབ་པ་ཚོས་བཤད་ཅིང་། འདི་ནི་སྒྲོ་ནལ་ཁྲི་རམ་ཕུས་རྒྱ་ནག་གི་ཤུགས་རྐྱེན་ཨ་རིའི་གླིང་ཕྲན་ནས་ཕྱིར་ཕུད་རྒྱུའི་ཐབས་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་འདོད་མཁན་མང་།

ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས། ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་ཡོད་པའི་ཨ་རིའི་དམག་དཔུང་གིས། མུ་མཐུད་དུ་ཝེ་ནེ་ཛོ་ལ་ནས་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས་དག་འཛིན་རྒྱུ་ཡིན་ཞེས་བསྒྲགས་ཟིན་པ་ལྟར། རོའུ་ཀྲར་གསར་ཤོག་ལྟར་ན་ཨ་རིའི་དམག་དཔུང་གིས། ཝེ་ནེ་ཛོ་ལ་ནས་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས་ཤིག་ལ། འདས་པའི་བདུན་ཕྲག་གཉིས་རིང་རྗེས་འདེད་བཏང་ཡོད་པ་དང་། གྲུ་གཟིངས་སྟེང་གི་ལས་བྱེད་ཚོས། གྲུ་གཟིངས་དེ་སྲུང་སྐྱོན་ཕྱིར་རཱ་ཤི་ཡའི་གྲུ་གཟིངས་ཁྲོད་ཐོ་འགོད་དང་། སྟེང་དུ་རཱ་ཤི་ཡའི་དར་ཆ་བཙུགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག