Homeརྒྱལ་སྤྱི།ཞི་བདེའི་ལྷན་ཚོགས་གཞུང་འབྲེལ་ངང་བཙུགས།

ཞི་བདེའི་ལྷན་ཚོགས་གཞུང་འབྲེལ་ངང་བཙུགས།

Date:

{ཞི་བདེ་ལྷན་ཚོགས་}ཞེས་པ་ཡོངས་སུ་དབུ་རྙེད་ཟིན་པའི་མཛད་སྒོ། སུད་སི་རྒྱལ་ཁབ་ཀྱི་སྒྲ་ཝོ་སི་གྲོང་བརྡལ་དུ་ཚོགས་ཤིང་། ཕོ་བྲང་དཀར་པོ་ལྟར་ན་ད་ལྟ་ཚོགས་པ་འདི་གཞུང་འབྲེལ་ངང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚོགས་པ་ཞིག་ཏུ་གྱུར་ཟིན་པ་བསྒྲགས།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཐོག་མའི་དམིགས་ཡུལ་ལམ་སྒྲུབ་བྱ་གཙོ་བོ་ནི། གྷ་ཛ་ས་ཁུལ་དུ་མེ་མཚམས་བཞག་པའི་རིམ་པ་དང་། དེའི་རྗེས་འབྲེལ་གྱི་ལས་དོན་དག་ལ་ལྟ་ཞིབ་ཆེད་ཡིན་པར་བཤད་པ་ལ། རཱ་ཡུའི་དམག་འཁྲུག་སོགས་རྒྱལ་སྤྱིའི་གནད་དོན་གཞན་དག་གི་ཐད་ལའང་། ལས་དོན་བྱ་ཆོག་པའི་{ཞི་བདེ་ལྷན་ཚོགས་}ཞེས་པ་ཡོངས་སུ་དབུ་རྙེད་ཟིན་པའི་མཛད་སྒོ། སུད་སི་རྒྱལ་ཁབ་ཀྱི་སྒྲ་ཝོ་སི་གྲོང་བརྡལ་དུ་ཚོགས་ཤིང་། ཕོ་བྲང་དཀར་པོ་ལྟར་ན་ད་ལྟ་ཚོགས་པ་འདི་གཞུང་འབྲེལ་ངང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚོགས་པ་ཞིག་ཏུ་གྱུར་ཟིན་པ་བསྒྲགས། ནང་དུ་ཞུགས་འདོད་མཁན་གྱི་རྒྱལ་ཁབ་དག་གིས་མིང་རྟགས་དགོད་རྒྱུ་ཡིན་པ་སྔོན་དཔག་བྱེད།

སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཚོགས་པ་འདིའི་ནང་དུ་ཞུགས་རྒྱུར་རྒྱལ་ཁབ་ 50 (ཐོག་མར་ 60 ཞེས་གྲགས།)ལ་མགྲོན་ཤོག་བཏང་ཟིན་པ་དང་། ཚོགས་པ་འདིའི་གཏན་འཇགས་རྒྱལ་ཁབ་འགྱུར་བ་ལ་ཨ་སྒོར་ཐེར་འབུམ་ $1 སྤྲད་དགོས་པ་བཤད། དེའི་ཁྲོད་ཨ་རི་དགྲར་འཛིན་གྱི་རྒྱ་ནག་དང་རཱ་ཤི་ཡ། ཡུ་རོབ་ཀྱི་སྒེར་གཅོད་རྒྱལ་ཁབ་མཐའ་མ་བྷེ་ལ་རུ་སུ་བཅས་ཀྱང་ཚུད་ཡོད་པ་དང་། གཞན་ཡང་ཡེ་ཤུ་གདན་ས་དང་ཡུ་རོབ་དང་དཀྱིལ་ཤར་གྱི་རྒྱལ་ཁབ་མང་པོའང་ཚུད་ཡོད་པ་གསལ།འདིའི་ཁྲོད་ཞུགས་རྒྱུར་ངོས་བླངས་ཟིན་པའི་ཁྲོད་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་དང་ཨེ་ཇིབ། ཁཱ་ཀྲར། བྷ་རན། པཱ་ཀི་སི་ཐན། ཏུར་ཀེ ཧང་གྷ་རི། མོ་རོ་ཀོ ཁོ་སོ་ཝོ། ཨར་ཇིན་ཀྲི་ན། པ་ར་ཝེ་བཅས་ཡིན་པ་དང་། ཁྱོན་རྒྱལ་ཁབ་ 35 ཡས་མས་ཞུགས་རྒྱུ་ཚོད་དཔག་བྱེད།

ཡུ་རོབ་ཀྱི་རྒྱལ་ཁབ་གཙོ་བོ་དག་དང་རྒྱ་གར། རྒྱ་ནག་དང་རཱ་ཤི་ཡ་སོགས་ཀྱིས་ད་དུང་འདིར་ཞུགས་མིན་གྱི་ལན་ཁ་གསལ་ཞིག་མ་བཏབས། སྒྲོ་ནལ་ཁྲི་རམ་ཕུས། རཱ་ཤི་ཡ་འདིའི་ནང་དུ་ཞུགས་རྒྱུར་ཁས་བླངས་སོང་ཞེས་བཤད། ཡིན་ན་ཡང་དེ་རིང་ཕུ་ཀྲན་གྱིས། རཱ་ཤི་ཡར་མགྲོན་ཤོག་བཏང་བར་ཐུགས་རྗེ་ཆེ། ང་ཚོས་ཚོགས་པ་འདི་དང་འབྲེལ་བའི་ཡིག་ཆར་ཞིབ་འཇུག་ཡག་པོ་བྱས་རྗེས་ལན་འདེབས་ངེས་ཡིན། གལ་སྲིད་རཱ་ཤི་ཡ་ཞུགས་ཚེ་དངུལ་སྒོར་ཨ་སྒོར་ཐེར་འབུམ་ $1 དེ། སྔར་བྷ་ཀྲན་སྲིད་གཞུང་གིས་ཨ་རིའི་རྒྱལ་ནང་དུ་བཀག་ཟིན་པའི་རཱ་ཤི་ཡའི་དངུལ་སྒོར་ནས་སྤྲོད་ཆོག་ཅེས་བཤད། ད་དུང་ཕུ་ཀྲན་གྱིས། ཨ་རིའི་རྒྱལ་ནང་དུ་བཀག་ཡོད་པའི་རཱ་ཤི་ཡའི་དངུལ་སྒོར་སྤྱད་ནས། དམག་འཁྲུག་གིས་གཏོར་ཟིན་པ་དག་བསྐྱར་གསོ་བྱ་རྒྱུའི་ཐད་སྐད་ཆ་བཤད་རྒྱུར་གྲ་སྒྲིག་ཡོད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག