Homeརྒྱལ་སྤྱི།ཡང་བསྐྱར་ཨ་རིས་གྲུ་གཟིངས་ཤིག་བཟུང་། 

ཡང་བསྐྱར་ཨ་རིས་གྲུ་གཟིངས་ཤིག་བཟུང་། 

Date:

ཡང་བསྐྱར་ཨ་རིའི་དམག་དཔུང་གིས། ཁཱ་རན་བྷེ་ཡ་མཚོ་རྒྱུད་དུ་རྒྱལ་སྤྱིའི་ཁྲོམ་རར་རྡོ་སྣུམ་ལྐོག་འདྲེན་བྱེད་མཁན་གྱི་གྲིབ་གཟུགས་གྲུ་གཟིངས་ཤིག་བཟུང་། གྲུ་གཟིངས་འདིའི་མིང་ལ་ཨོ་ལེ་ན་ཞེས་འབོད།

ཡང་བསྐྱར་ཨ་རིའི་དམག་དཔུང་གིས། ཁཱ་རན་བྷེ་ཡ་མཚོ་རྒྱུད་དུ་རྒྱལ་སྤྱིའི་ཁྲོམ་རར་རྡོ་སྣུམ་ལྐོག་འདྲེན་བྱེད་མཁན་གྱི་གྲིབ་གཟུགས་གྲུ་གཟིངས་ཤིག་བཟུང་། གྲུ་གཟིངས་འདིའི་མིང་ལ་ཨོ་ལེ་ན་ཞེས་འབོད་པ་དང་། ཨ་རིའི་ལས་བྱེད་དག་ལྟར་ན་ཝེ་ནེ་ཛོ་ལ་ནས་ལམ་ལ་བུད་ཅིང་། ཨ་རིའི་དམག་དཔུང་ལ་གཡོལ་ཐབས་བྱེད་བཞིན་པ་བཤད། རྒྱལ་ཁབ་བྱེ་བྲག་པ་ཞིག་གི་འོག་ཏུ་ཐོ་འགོད་མ་བྱས་པར། མཚོ་ཐོག་ཏུ་མིང་འདྲ་མིན་གྱི་འོག་རྡོ་སྣུམ་སོགས། ཚོང་རྫས་རྒྱལ་སྤྱིའི་ཁྲོམ་རར་འདྲེན་མཁན་གྱི་གྲུ་གཟིངས་དག་ལ་གྲིབ་གཟུགས་གྲུ་གཟིངས་ཞེས་འབོད།

ཡུ་ཁུ་རན་གྱི་དྲྭ་ལམ་ཁག་ལྟར་ན། ཐེངས་འདིར་བཟུང་ཟིན་པ་འདིའང་རཱ་ཤི་ཡའི་གྲིབ་གཟུགས་གྲུ་གཟིངས་ཤིག་ཡིན་པ་དང་། རཱ་ཤི་ཡའི་གྲུ་ཁ་ནས་གཙོ་བོ་རྒྱ་ནག་དང་རྒྱ་གར། ཏུར་ཀེ་བཅས་སུ་རྡོ་སྣུམ་འདྲེན་བཞིན་པ་བཤད། དོན་དངོས་སུ་རཱ་ཤི་ཡས་ཀྱང་གྲུ་གཟིངས་འདི་བེད་སྤྱོད་བྱེད་ཀྱི་ཡོད་ཚེ། འདི་ནི་ཨ་རིའི་དམག་དཔུང་གིས། རཱ་ཤི་ཡས་བེད་སྤྱོད་བྱེད་བཞིན་པའི་གྲིབ་གཟུགས་གྲུ་གཟིངས་བཟུང་བ་ཐེངས་གསུམ་པ་དང་། སྤྱིར་ཨ་རིའི་དམག་དཔུང་གིས་ཝེ་ནེ་ཛོ་ལ་དང་འབྲེལ་གྲུ་གཟིངས་བཟུང་བ་ཐེངས་ལྔ་བ་དེ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག