Homeརྒྱལ་སྤྱི།ཨ་མེ་རི་ཀཡིག་ཆ་གསར་བ་ས་ཡ་ལས་མང་བ་རག་ཡོད།

ཡིག་ཆ་གསར་བ་ས་ཡ་ལས་མང་བ་རག་ཡོད།

Date:

ཨ་རིའི་ཁྲིམས་ལུགས་ལག་བསྟར་དང་ལྟ་ཞིབ་ལྷན་ཁང་གིས། ད་ལྟ་ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བ་ཡོད་སྲིད་པའི་ཡིག་ཆ་གྲངས་ས་ཡ་ 1 ལས་བརྒལ་བ་གསར་དུ་རག་སོང་ཞེས་བསྒྲགས།

ཟླ་བ་འདིའི་ཚེས་ 19 ཉིན་བར་ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་ཚང་མ་ཕྱིར་འགྲེམས་དགོས་ཞེས་ཨ་རིའི་གྲོས་ཚོགས་ཀྱིས་ཐག་བཅད་ཟིན་པ་ལྟར། ཨ་རིའི་ཁྲིམས་ལུགས་ལག་བསྟར་དང་ལྟ་ཞིབ་ལྷན་ཁང་གིས། ད་ལྟ་བར་ཡིག་ཆ་དང་པར་མང་པོ་བཀྲམས་ཟིན་དང་། ད་དུང་ཡང་ཚང་མ་ཕྱིར་མ་བཀྲམས་ཤིང་། བཀྲམས་ཟིན་པ་དག་གི་ཁྲོད་ཀྱི་མང་པོ་ཞིག་ཀྱང་། ལྟ་ཀློག་མི་ཐུབ་པ་བཟོས་པ་དེ་ཚད་ལས་བརྒལ་འདུག་ཅེས། མང་གཙོ་ཚོགས་པ་མ་ཟད་སྤྱི་མཐུན་ཚོགས་པའི་ཆབ་སྲིད་པ་ཚོའི་ཁྲོད་ཀྱི་མང་པོས་མི་འདོད་པའི་རྣམ་འགྱུར་བསྟན།

ཁ་སང་ཁྲིམས་ལུགས་ལག་བསྟར་དང་ལྟ་ཞིབ་ལྷན་ཁང་གིས། ད་ལྟ་ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བ་ཡོད་སྲིད་པའི་ཡིག་ཆ་གྲངས་ས་ཡ་ 1 ལས་བརྒལ་བ་གསར་དུ་རག་སོང་ཞེས་བསྒྲགས། ཡིན་ན་ཡང་། ཡིག་ཆ་དེ་དག་ནམ་དུས་དང་། ཚུལ་ཇི་ལྟར་གསར་དུ་ཐོབ་པའི་ཐད་ཞིབ་ཕྲ་མ་བསྒྲགས། ང་ཚོས་ཡིག་ཆ་འདི་དག་ལ་བསྐྱར་ཞིབ་དང་། གནོད་འཚེ་འོག་ཚུད་པའི་མི་དག་གི་ཐོབ་ཐང་སྦས་དགོས་པ་སོགས། ལས་ཀ་དག་ཡོངས་སུ་འགྲུབ་རྒྱུར་བདུན་ཕྲག་འགའ་འགོར་སྲིད་པ་དང་། དེའི་རྗེས་སུ་ཡིག་ཆ་ཚང་མ་ཕྱིར་འདོན་རྒྱུ་ཡིན་ཞེས་བཤད།

ཨེབ་སི་ཀྲེན་གྱི་གནོད་འཚེ་འོག་ཚུད་པའི་མི་མང་པོ་ཞིག་གི་ཐོབ་ཐང་སྦས་དགོས་པ་ནི། གྲོས་ཚོགས་ཀྱི་ཐག་གཅོད་ཡིན་ནའང་། སྦས་རྒྱུ་དེ་ཚད་ལས་བརྒལ་འདུག་ཅེས་མང་པོས་སྐྱོན་བརྗོད་བྱས་ཤིང་། ལྷག་པར་དུས་བཅད་ལྟར་ཡིག་ཆ་ཚང་མ་ཕྱིར་མ་བཏོན་པའི་ཐད་གླེང་གཞི་མང་པོ་བྱུང་། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག