Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཡུ་དམག་གིས། རཱ་དམག་གིས་བཟུང་བའི་ཡུ་ཁུ་རན་གྱི་རྫ་པུ་རི་ཆི་ས་ཁུལ་གྱི་གློག་ཁང་ཞིག་ལ་གཏོར་རྒོལ་བྱས། གཞན་ཡང་ཡུ་དམག་གིས་རཱ་ཤི་ཡའི་རེ་ཛན་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས་ཟིན་པའི་གནས་ཚུལ་ཐོན།

•. ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ལོ་གཅིག་གི་སྔོན་དུ་དམག་དོན་གྱི་ཆ་ནས་ཡུ་ཁུ་རན་ཨ་རིའི་གསང་བའི་ལས་ཁུངས་ལ་ཤུགས་ཆེན་བརྟེན་ཡོད་ཀྱང་། ད་ལྟ་ཡུ་ཁུ་རན་ལ་འབྱོར་བཞིན་པའི་དམག་དོན་གསང་བའི་གནས་ཚུལ་གསུམ་ཆ་གཉིས། ཧྥ་རན་སིའི་དམག་དོན་གསང་བའི་ལས་ཁུངས་ཀྱིས་སྤྲོད་བཞིན་པ་བཤད། རཱ་ཤི་ཡའི་གཞུང་གིས། མོ་སི་ཁོར་ཡོད་པའི་དབྱིན་ཇིའི་ལས་བྱེད་ཅིག་ཕྱིར་ཕུད་ཅིང་། མི་འདི་ནི་དབྱིན་ཇིའི་གསང་བའི་ལས་བྱེད་ཡིན་པ་བཤད།

•. ཕོ་ལན་ཀྲིས་ཡུ་ཁུ་རན་ལ་འཐབ་འཛིང་གནམ་གྲུ་ MiG-29
གྲངས་ 9 གཏོང་རྒྱུ་དང་། དེའི་སྐྱིན་ཚབ་ཏུ་ཡུ་ཁུ་རན་གྱིས་ཕོ་ལན་ཀྲི་ལ་སྒྲི་རོན་ལག་རྩལ་དང་། འཕྲུལ་རིག་སྤྲོད་རྒྱུ་ཡིན་པ་བཤད། ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས། ཡུ་རོབ་ཀྱིས་ཡུ་ཁུ་རན་ལ་རྒྱབ་སྐྱོར་བྱ་རྒྱུར་འགོག་ཆེད། རྒྱལ་ཡོངས་རང་བཞིན་ཅན་གྱི་བསམ་ཤོག་ཅིག་བསྡུ་འདོད་ཡོད་པ་བསྒྲགས། ཨོར་བྷ་ནི་ཡུ་རོབ་ཀྱིས་ཡུ་ཁུ་རན་ལ་དམག་དོན་རོགས་སྐྱོར་སྤྲོད་རྒྱུར་དགག་པ་རྒྱག་མཁན་གཙོ་བོ་ཞིག་ཡིན་པ་དང་། ཡུ་རོབ་ཀྱིས་ཡུ་ཁུ་རན་བརྒྱུད་རཱ་ཤི་ཡ་ཕམ་རྒྱུ་ཡིན་པར་འདོད་པ་ནི། འགྲུབ་རྒྱུ་མེད་པའི་རྨི་ལམ་ཞིག་ཡིན་པ་ཤོད་བཞིན་ཡོད།

•. མཇར་མན་གྱི་སྲིད་བློན་མེར་ཚི་ཡིས། རཱ་ཤི་ཡ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པས། འབྱུང་འགྱུར་ཡུ་རོབ་དང་རཱ་ཤི་ཡའི་བར་གྱི་འབྲེལ་བ་ཆ་སྙོམས་བཟོ་ཐུབ་རྒྱུར་རེ་བ་ཡོད་པ་བཤད། ད་དུང་ཁོས། མཇར་མན་གྱི་ངོས་ནས་རང་གི་ཉིང་རྡུལ་གློག་ཁང་དག་མེད་པ་བཟོ་རྒྱུར་ཐག་གཅོད་བྱས་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་བཤད། ཕྱི་ལོ་ 2000 ལོར་མཇར་མན་གྱིས། ཉིང་རྡུལ་གློག་ཁང་དག་ག་ལེར་མེད་པ་བཟོ་རྒྱུའི་ཁྲིམས་ཤིག་བཟོས། ཕྱི་ལོ་ 2011 ལོའི་ཉི་ཧོང་གི་ཧྥུ་ཀོ་ཤི་མ་ཉིང་རྡུལ་ཆག་སྒོའི་རྗེས་སུ། མཇར་མན་གྱིས་རང་གི་ཉིང་རྡུལ་གློག་ཁང་དག་སྒོ་རྒྱག་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་ཞིང་། ཕྱི་ལོ་ 2023 ཟླ་ 4 ཚེས་ 15 ཉིན་ཉིང་རྡུལ་གློག་ཁང་མཐའ་མ་ 3 དེ་སྒོ་བརྒྱབས།

•. གྲངས་དམག་གི་སྐབས་ནས་བཟུང་། ནུབ་མཇར་མན་གྱིས་ཨུ་རུ་སུ་དམར་པོ་ནས་རླངས་རྫས་ཉོ་འགོ་བཙུགས་ཤིང་། ཕྱི་ལོ་ 2011 ལོར་བྱང་གི་ལྕགས་སྦུག་དང་པོ་རཱ་ཤི་ཡ་ནས་ཡུ་རོབ་ཏུ་འཐེན། མཐར་མཇར་མན་ནི་རཱ་ཤི་ཡའི་རླངས་རྫས་དང་། རྡོ་སྣུམ་ལ་ཤུགས་ཆེན་བརྟེན་ཡོད་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཅིང་། ཕྱི་ལོ་ 2022 ལོར་དམག་འཁྲུག་འགོ་བཙུགས་པ་དང་། མཇར་མན་གྱིས་རིན་གོང་ཆུང་བའི་རཱ་ཤི་ཡའི་རླངས་རྫས་དང་། རྡོ་སྣུམ་སྔར་ལྟར་ཉོ་མ་ཐུབ་པས་མཇར་མན་གྱི་བཟོ་ལས་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་བྱུང་།

•. ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། དམག་འཁྲུག་མཚམས་འཇོག་པར་གྲོས་མོལ་བྱ་རྒྱུར་འགོར་འགྱངས་བྱེད་མཁན་ནི། ཕུ་ཀྲན་ལས་ཛེ་ལན་སི་ཀེ་རེད་ཅེས། ཡང་བསྐྱར་གྲོས་མོལ་ཁྲོད་ཀྱི་དཀའ་ངལ་ཡུ་ཁུ་རན་ཡིན་པ་བཤད་ཟིན་པ་ལྟར། རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པི་སི་ཀོ་ཝི་ཡིས། སྒྲོ་ནལ་ཁྲི་རམ་ཕུའི་སྐད་ཆར་མོས་མཐུན་ཡོད། ཛེ་ལན་སི་ཀེ་ཡིས་འགན་འཁུར་ནས་ཐག་གཅོད་ཡག་པོ་ཞིག་བྱ་དགོས་པ་རེད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག