Homeརྒྱལ་སྤྱི།ཨེ་ཤ་ཡ།རང་གི་བྱིས་པ་གཉིས་བསད་པ། 

རང་གི་བྱིས་པ་གཉིས་བསད་པ། 

Date:

རང་གི་བྱིས་པ་གཉིས་བསད་ཅིང་རོ་འགྱིག་ཤོག་ནང་དུ་སྦས་མཁན། ལྷོ་ཀོ་རེ་ཡ་ནས་ནེའུ་ཛེ་ལན་ཀྲི་ལ་ཡོང་མཁན་གྱི་བུད་མེད་ཅིག་ལ་ཚེ་བཙོན་ཁྲིམས་ཐག་བཅད།

ནུབ་ཕྱོགས་རྒྱལ་ཁབ་དག་ཏུ་སྤྱི་ཚོགས་དྲྭ་རྒྱ་ཡིས། ན་གཞོན་དང་བྱིས་པ་ཚོའི་སེམས་ཁམས་ལ་གནོད་པ་ཐེབས་བཞིན་པའི་ལྟ་ཚུལ་ཤུགས་ཆེན་ཡོད་པ་ལྟར། ཨོ་སི་ཁྲོ་ལི་ཡ་གཞུང་གིས་ན་གཞོན་ལོ་ན་ 16 གི་འོག་ཅན་དག་གིས་སྤྱི་ཚོགས་དྲྭ་རྒྱ་སྤྱོད་རྒྱུ་བཀག དེ་བཞིན་ཡུ་རོབ་གྲོས་ཚོགས་སུ། ན་གཞོན་ལོ་ན་ 16 གི་འོག་ཅན་དག་ལ་སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་འགོག་རྒྱུའི་གྲོས་འཆར་ཞིག་སླེབས་ཤིང་། ཁ་སང་ཡུ་རོབ་གྲོས་ཚོགས་ཀྱིས་གྲོས་འཆར་འདི་གཞུང་འབྲེལ་ངང་། གྲོས་ཚོགས་ཀྱི་ལས་རིམ་ཁྲོད་བཅུག

ལྷོ་ཀོ་རེ་ཡར་སྐྱེས་ཤིང་ནེའུ་ཛེ་ལན་ཀྲིའི་མི་སེར་ཡིན་པའི་བུད་མེད་ཅིག་གིས། རང་གི་ཁྱོ་བོ་སྐྲན་ནད་ཀྱིས་འདས་རྗེས་ཏེ། ཕྱི་ལོ་ 2018 ལོར་རང་གི་བྱིས་པ་ལོ་ན་ 6 དང་། ལོ་ན་ 8 ཅན་ཞིག་ཡོད་པ་གཉིས་བསད་ཅིང་། ཕུང་པོ་ཁུག་མ་ཞིག་གི་ནང་དུ་བཅུག་ནས་བཞག་ཡོད་པ་ལ། ཕྱི་ལོ་ 2022 ལོར་ཁྱིམ་ཚང་གཞན་ཞིག་གིས་བརྙེས། དེ་མ་ཐག་བུད་མེད་འདིས་རང་གི་མིང་བརྗེས་ནས་ཕྱིར་ལྷོ་ཀོ་རེ་ཡར་བྲོས། ཡིན་ན་ཡང་། ལྷོ་ཀོ་རེ་ཡའི་གཞུང་གིས་བུད་མེད་འདི་ལ་ཁྲིམས་བཤེར་ཆེད་ནེའུ་ཛེ་ལན་ཀྲི་ལ་ཕྱིར་བསློགས་ཟིན་པ།གསལ།

ད་ལོའི་ལོ་འགོར་ཁྲིམས་ཁང་དུ་མོས་ནག་ཉེས་འདི་བསགས་ཟིན་པ་ཁས་བླངས་ཤིང་། བདུན་ཕྲག་འདིར་ཁྲིམས་ཁང་གིས་མོ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། མོས་ཁྲིམས་ཁང་ལ་བཤད་པ་ལྟར་ན། ཕྲུ་གུ་གཉིས་ལ་མོས་སྨན་མང་པོ་སྤྲད་ཟིན་པ་གསལ། བུད་མེད་འདིའི་མིང་ལ་ཧཱ་ཁེའོ་ལི་(Hakyung Lee)ཞེས་དང་། ལོ་ན་ 45 ཡིན་པ་ལ་ད་ལྟ་སེམས་ཁམས་སྨན་ཁང་དུ་བཞག་ཡོད་པ་དང་། མོའི་སེམས་ཁམས་སྨན་བཅོས་གྲུབ་རྗེས་བཙོན་ཁང་ལ་ཕྱིར་ཡོང་དགོས་ཞེས། ཁྲིམས་ཁང་གིས་བཀའ་བཏང་།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག