Homeརྒྱལ་སྤྱི།ཡུ་རོབ།རཱ་ཡུའི་དམག་འཁྲུག

རཱ་ཡུའི་དམག་འཁྲུག

Date:

(རྒྱ་ནག་གི་རྡོ་སྣུམ་ཐོན་སྐྲུན་ཁེ་གཉེར་ཆེ་ཤོས་གྲས་ཡན་ཅང་རྡོ་སྣུམ་(延长石油)གྱིས་ཀྱང་། ད་ལོའི་ཕྱི་ཟླ་ 12 དང་ལོ་རྗེས་མའི་ཕྱི་ཟླ་ 2 དཀྱིལ་བར་རཱ་ཤི་ཡའི་རྡོ་སྣུམ་ཉོ་རྒྱུ་སྙུང་འཆར་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་རྡོ་སྣུམ་ཁེ་གཉེར་ཆེན་པོ། ཀྲུང་གོའི་རྡོ་སྣུམ་དང་རྫས་འགྱུར་(中国石化)ཞེས་པའི་ཡན་ལག་བཟོ་གྲྭ་ 2 ཟླ་བ་འདིའི་མཇུག་བར་དུ་སྒོ་བརྒྱབས་ཟིན་པ། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད།)

•. རཱ་དམག་གིས། སྨུག་པ་འཐིབས་པའི་གོ་སྐབས་དང་བསྟུན། ཡུ་ཁུ་རན་གྱི་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་ནང་ལ་འཛུལ་ཐབས་བྱས་ཟིན་པ་ལྟར།དེའི་རྗེས་སུ་གནམ་གཤིས་ལ་འགྱུར་བ་ཕྱིན་རྐྱེན་ཡུ་དམག་གིས། རཱ་དམག་སྐོར་ཞིག་ཤི་རྨས་དང་། གོ་ལག་ལྗིད་པོ་འགའ་ལམ་ཀ་ནས་གཏོར། ཡིན་ན་ཡང་། ཐེངས་འདིར་རཱ་དམག་སྐོར་ཞིག་གྲོང་ཁྱེར་ནང་ལ་འཛུལ་ཟིན་པས། ད་ལྟ་རཱ་དམག་ 300 གྲོང་ཁྱེར་ནང་དུ་ཡོད་པ་དང་། ཁོ་ཚོས་གྲོང་ཁྱེར་བྱང་ཕྱོགས་ཀྱི་ཆ་ཤས་དག་འཛིན་རྒྱུར་འབད་པ་བྱེད་བཞིན་པ་བཤད། ད་དུང་ཕྱོགས་འདི་ནས་ཡུ་དམག་སྐོར་ཞིག་གསོན་བཟུང་བྱས་ཟིན་པའང་བསྒྲགས།

•. དེ་བཞིན་རཱ་དམག་གིས། ཡུ་ཁུ་རན་གྱི་ཁར་ཁེ་ཝུ་ས་ཁུལ་གྱི་ཀུ་པན་སི་ཀི་གྲོང་བརྡལ་གྱི་ནུབ་ཀྱི་ཆ་དང་། ལྷོ་ཡི་ཆ་ཚང་མ་བཟུང་ཟིན་པ་དང་། ད་ལྟ་གྲོང་བརྡལ་འདི་ཧྲིལ་བོ་རཱ་དམག་གི་ལག་ཏུ་ལྷུང་རྒྱུ་ཡིན་པ་ཟློག་ཏུ་མེད་ཅེས། རཱ་ཤི་ཡའི་བདེ་སྲུང་ལྷན་ཁང་གིས་བསྒྲགས། གཞན་ཡང་ཡུ་ཁུ་རན་གྱི་སྤྱི་ཁྱབ་དམག་སྤྱི་སར་སི་ཀེ་ཡིས། རྫ་པུ་རི་ཆི་ས་ཁུལ་དུ་རཱ་དམག་གིས། ཡུ་ཁུ་རན་གྱི་གྲོང་གསེབ་ 3 འཕྲོག་ཟིན་པ་དང་། ད་ལྟ་ཕྱོགས་འདིའི་གཡུལ་སའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་འདུག་ཅེས་བཤད།

•. ལོ་འདིར་ཡུ་དམག་གིས་རཱ་ཤི་ཡའི་རྒྱལ་ནང་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། བྱིས་པ་ 22 ཚུད་པའི་མི་སེར་ 392 བསད་ཟིན་པ་དང་། མི་སེར་གཞན་ 3,200 ལས་མང་བ་རྨས་ཟིན་པ་རཱ་ཤི་ཡས་བཤད། མདང་དགོང་ཡུ་དམག་གིས། རཱ་ཤི་ཡའི་ཨོ་རེན་བྷར་གྷི་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས། དེ་བཞིན་ད་ལྟ་རཱ་དམག་གིས་བཟུང་ཡོད་པའི་རྡོ་ཉད་སི་ཀི་ས་ཁུལ་གྱི་གློག་ཁང་ཞིག་ལ་ཡུ་དམག་གིས་གཏོར་རྒོལ་བྱས། གོང་གི་གཏོར་རྒོལ་དང་འབྲེལ་བརྙན་ཤིག་ཀྱང་ཕྱིར་བཀྲམས།

•. དམག་འཁྲུག་འདིའི་ཁྲོད་སྒྲི་རོན་ནི་ཧ་ཅང་སྤྱོད་སྒོ་ཆེ་བའི་གོ་ལག་ཅིག་དང་། གནས་ཚུལ་ལ་ལྟ་ཞིབ། དངོས་ཟོག་སྐྱེལ་བྱེད་གལ་ཆེན་ཞིག་ཏུ་གྱུར་ཟིན་པ་ལྟར། བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཡུ་ཁུ་རན་དེ་ཁུ་སིམ་པོའི་ངང་། རྒྱལ་སྤྱིའི་སྟེང་སྒྲི་རོན་བཟོ་མཁན་ཆེ་ཤོས་ཤིག་ཏུ་འགྱུར་བཞིན་པ་བཤད། ཐག་རིང་འཕུར་ཐུབ་པའི་སྒྲི་རོན་ནས་རིན་གོང་ཆུང་བའི་སྒྲི་རོན་ FPV བར། ལོ་རེར་སྒྲི་རོན་ས་ཡ་ 4 ཡས་མས་བཟོ་བཞིན་པ་དང་། དེ་ནི་ནུབ་ཆིངས་རྒྱལ་ཁབ་ཚང་མས་བཟོ་བཞིན་པ་ལས་ཀྱང་གྲངས་ཀ་མང་བའི་རྣམ་པ་འདུག་ཅེས་བྲིས།

•. ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། རཱ་ཤི་ཡའི་རྡོ་སྣུམ་ཁེ་གཉེར་ཆེ་ཤོས་གཉིས་ཀྱི་སྟེང་ཉེས་ཆད་བཀལ་རྗེས། རྒྱ་ནག་དང་གར་གྱི་རྡོ་སྣུམ་ཁེ་གཉེར་འགས་རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་རྒྱུ་འཛེམས་བཞིན་པའི་གནས་ཚུལ་ཐོན་པ་ལྟར། རྒྱ་ནག་གི་རྡོ་སྣུམ་ཐོན་སྐྲུན་ཁེ་གཉེར་ཆེ་ཤོས་གྲས་ཡན་ཅང་རྡོ་སྣུམ་(延长石油)གྱིས་ཀྱང་། ད་ལོའི་ཕྱི་ཟླ་ 12 དང་ལོ་རྗེས་མའི་ཕྱི་ཟླ་ 2 དཀྱིལ་བར་རཱ་ཤི་ཡའི་རྡོ་སྣུམ་ཉོ་རྒྱུ་སྙུང་འཆར་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་རྡོ་སྣུམ་ཁེ་གཉེར་ཆེན་པོ། ཀྲུང་གོའི་རྡོ་སྣུམ་དང་རྫས་འགྱུར་(中国石化)ཞེས་པའི་ཡན་ལག་བཟོ་གྲྭ་ 2 ཟླ་བ་འདིའི་མཇུག་བར་དུ་སྒོ་བརྒྱབས་ཟིན་པ། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད།

གསར་གནས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

དཀྱིལ་ཤར་ལ་གཞི་ནས་ཞི་བདེ་བསྐྲུན་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་ཨ་རིའི་ལས་བྱེད་ཚོས་གཏན་འཁེལ།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།