Homeརྒྱལ་སྤྱི།རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་རྒྱལ་སར་གས་འཐོར།

རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་རྒྱལ་སར་གས་འཐོར།

Date:

(ཀི་སི་ཐན་གྱི་རྒྱལ་ས་ཨེ་སི་ལ་མ་བྷ་ལའི་ཁྲིམས་ཁང་ཞིག་གི་མདུན་དུ། འགད་རྫས་ཤིག་གས་འཐོར་གྱིས་མི་ 12 བསད་ཅིང་། དམག་གི་སློབ་གྲྭ་ཞིག་ཏུ་དྲག་རྒོལ་གྱིས་མི་ 3 བསད་ཟིན་པའི་གནས་ཚུལ་ཐོན། པཱ་ཀི་སི་ཐན་གྱིས། དྲག་རྒོལ་འདི་ཨ་ཧྥི་གྷན་དུ་རྟེན་གཞི་བྱེད་ཡོད་པ་ལ། རྒྱ་གར་གྱི་རྒྱབ་སྐྱོར་འོག་ཡོད་པའི་དྲག་སྤྱོད་ཤོག་ཁག་ཅིག་གིས་བརྩམས་ཡིན་པ་བསྒྲགས།)

•. བདུན་ཕྲག་འདིའི་གཟའ་ཟླ་བའི་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ 6:52 སྟེང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཁར་རྫོང་དམར་པོ་(Red fort)ཡི་ཐག་ཉེར། གཞུང་ལམ་སྟེང་དུ་རླངས་འཁོར་ཞིག་གས་འཐོར་དུ་ཕྱིན་རྐྱེན། ད་ལྟ་འདིའི་ཁྲོད་འཆི་གྲངས་ 9 (12 ཀྱང་ཟེར།)ལ་འཕར། འདི་ནི་རྒྱ་གར་གྱི་རྒྱལ་སར་དྲག་རྒོལ་བྱས་པ་ཚབས་ཆེ་ཤོས་ཤིག་ཏུ་གྱུར། ཨིན་ཀྲི་ཀྲི་ཝེ་གསར་ཁང་ལྟར་ན། ད་ལྟ་བར་དོན་རྐྱེན་འདི་དང་འབྲེལ་དོགས་ཡོད་མི་ 9 བཟུང་ཟིན་པ་དང་། དེའི་ཁྲོད་སྨན་པ་སོགས་ཤེས་ཡོན་ཅན་མང་པོ་ཚུད་ཡོད་པ་བཤད། ད་ལྟ་བར་འདིའི་གནས་ཚུལ་འདྲ་མིན་ཞིག་ཐོན་བཞིན་པ་དང་། ཟླ་བ་འདིའི་ཚེས་ 8 ནས་ཧར་ཡ་ན་མངའ་སྡེའི་ཉེན་རྟོག་པ་དང་། མཇའ་མུ་དང་ཀ་ཤི་མར་གྱི་བདེ་སྲུང་མི་སྣས་ཞིབ་འཇུག་བརྒྱུད།འགད་རྫས་འདྲ་མིན་གྲངས་ 2,900 བརྙེད་ཟིན་པའང་བཤད། དེ་དང་ཐེངས་འདིའི་དོན་རྐྱེན་བར་ཐད་ཀར་འབྲེལ་བ་ཅི་ཡོད་ཀྱང་མི་གསལ།

•. དེ་དང་ལྷན་གཟའ་མིག་དམར་ཉིན་པཱ་ཀི་སི་ཐན་གྱི་རྒྱལ་ས། ཨེ་སི་ལ་མ་བྷ་ལའི་ཁྲིམས་ཁང་ཞིག་གི་མདུན་དུ། འགད་རྫས་ཤིག་གས་འཐོར་གྱིས་མི་ 12 བསད་ཅིང་། དམག་གི་སློབ་གྲྭ་ཞིག་ཏུ་དྲག་རྒོལ་གྱིས་མི་ 3 བསད་ཟིན་པའི་གནས་ཚུལ་ཐོན། པཱ་ཀི་སི་ཐན་གྱིས། དྲག་རྒོལ་འདི་ཨ་ཧྥི་གྷན་དུ་རྟེན་གཞི་བྱེད་ཡོད་པ་ལ། རྒྱ་གར་གྱི་རྒྱབ་སྐྱོར་འོག་ཡོད་པའི་དྲག་སྤྱོད་ཤོག་ཁག་ཅིག་གིས་བརྩམས་ཡིན་པ་བསྒྲགས། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས། པཱ་ཀི་སི་ཐན་གྱི་སྐད་ཆ་འདི་ནི་གཞི་མེད་ཅིག་རེད་ཅེས་ལན་བསློགས། དོན་དངོས་སུ་རྒྱ་གར་གྱི་རྒྱལ་སར་བྱུང་བའི་གནས་ཚུལ་འདི་དང་། ཕལ་ཆེར་དུས་མཉམ་དུ་པཱ་ཀི་སི་ཐན་དུ་བྱུང་བའི་གནས་ཚུལ་གཉིས་བར། ཐད་ཀར་འབྲེལ་བ་ཡོད་པའི་བདེན་དཔང་ཞིག་གང་ཡང་མ་ཐོན། ཡིན་ན་ཡང་། སླར་ཡང་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་སྟེང་སྐྱོན་འཛུགས་རེས་བྱེད་འགོ་བརྩམས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག