Homeདཔལ་འབྱོར།རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དམིགས་ཚད།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དམིགས་ཚད།

Date:

རྒྱ་ནག་གཞུང་འབྲེལ་གྱི་སྙན་ཐོ་བཏོན་པ་ལྟར་ན། ཕྱི་ལོ་ 2025 ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་དམ། བརྒྱ་ཆ་ 5% གྱུར་ཟིན་པ་བསྒྲགས། དཔལ་འབྱོར་ཡར་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ནི། ཕྱི་རྒྱལ་ལ་ཚོང་ཟོག་ཕོན་ཆེན་བཙོང་གང་ཐུབ་བྱས་པ་ལས་བྱུང་།

རྒྱ་ནག་གཞུང་འབྲེལ་གྱི་སྙན་ཐོ་བཏོན་པ་ལྟར་ན། ཕྱི་ལོ་ 2025 ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་དམ། བརྒྱ་ཆ་ 5% གྱུར་ཟིན་པ་བསྒྲགས། དོན་དངོས་སུ་དམིགས་ཚད་འདིར་སླེབས་ཡོད་མེད་ཇི་ལྟར་ཡང་། ལོ་སྔོན་མའི་དཔལ་འབྱོར་ཡར་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ནི། ཕྱི་རྒྱལ་ལ་ཚོང་ཟོག་ཕོན་ཆེན་བཙོང་གང་ཐུབ་བྱས་པ་ལས་བྱུང་བ་ཞིག་དང་། རྒྱལ་ནང་གི་འཛད་སྤྱོད་ཀྱི་ནུས་པ་སྔར་བཞིན་སྐྱོ་ཞིང་དེ་ཉིད་བསྐྱར་གསོ་བྱེད་མ་ཐུབ་པའི་གནས་ཚུལ་ཐོན།

ཞེ་ཅེན་ཕིན་གྱི་དམིགས་འབེན་གཙོ་བོ་ཞིག་ནི། དཔལ་འབྱོར་ཡར་རྒྱས་ཀྱི་རྒྱབ་རྟེན་གཙོ་བོ་དེ། རྒྱལ་ནང་གི་འཛད་སྤྱོད་ཀྱི་ནུས་པར་བརྟེན་རྒྱུ་ལས། ངེས་གཏན་མེད་པའི་ཕྱིར་འཚོང་ལ་བརྟེན་རྒྱུ་དེ་མ་ཡིན་པ་དང་།འདིའི་ཆེད་དངུལ་ཁང་དག་གིས་བུན་སྐྱེད་མར་བཅག་པ་དང་རོགས་སྐྱོར་འདྲ་མིན་སྤྲོད་ཀྱི་ཡོད་ནའང་། འདིས་འཛད་སྤྱོད་པ་ཚོའི་ཡིད་ཆེས་དེ་བསྐྱར་གསོ་མ་ཐུབ། ད་ལྟ་་དངུལ་ཁང་དག་གིས་གཞུང་གི་ས་ཁང་ཁེ་གཉེར་དག་ལས། སྒེར་གྱི་ས་ཁང་ཁེ་གཉེར་དག་ལ་དངུལ་སྒོར་གཡོར་རྒྱུར་ཡིད་ཆེས་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན།

འདིའི་མཇུག་འབྲས་སུ། ཕྱོགས་གཅིག་ནས་ད་ལྟ་ས་ཁང་ཁེ་གཉེར་དེ་གཞུང་འབྲེལ་ཅན་དུ་འགྱུར་བཞིན་པ་དང་ལྷན། ས་ཁང་ཉོ་མཁན་ཚོས་ཁེ་གཉེར་ཆེན་པོ་དག་ལ་ཡིད་ཆེས་བྱེད་ཀྱི་མེད་པས། ས་ཁང་གི་རིན་གོང་བརྒྱ་ཆ་ 2.7% མར་ཟག་ཅིང་། ས་ཁང་ཁྲོད་མ་རྐང་འཇོག་པའི་ཚད་དེ་བརྒྱ་ཆ་ 17.2% མར་ཟིན་པ་དང་། སྡོད་ཁང་ཉོ་བའི་ཚད་དེ་བརྒྱ་ཆ་ 8.7% མར་ལྷུང་ཟིན་པ་བཤད་ཅིང་། ལོ་འདིར་མུ་མཐུད་ཏུ་ས་ཁང་གི་རིན་གོང་བརྒྱ་ཆ་ 3.7% མར་ཆག་རྒྱུ་ཡིན་པ་སྔོན་དཔག་བྱེད། རྒྱུ་རྐྱེན་གཙོ་བོ་དག་ནི་ལས་མེད་ཀྱི་གྲངས་མང་ཞིང་ལས་ཀར་ཁག་ཐེག་མེད་པ། སྤྱིའི་ཆ་ནས་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དལ་དུ་ཕྱིན་པ།

འཛུགས་སྐྲུན་ཡོངས་སུ་མ་གྲུབ་པའི་ཁང་སྟོང་མང་པོ་སྔར་བཞིན་ལྷག་ཡོད་པས། དེས་སྡོད་ཁང་ཉོ་མཁན་ཚོར་འཇིགས་སྣང་སྐུལ་བཞིན་པ། ས་ཁང་གི་རིན་གོང་མར་ཟག་བཞིན་པས་ཉོ་མཁན་ཚོས། ད་དུང་རིན་གོང་མུ་མཐུད་དུ་མར་ཆག་རྒྱུ་རེ་སྒུག་བྱེད་བཞིན་པས་ཡིན་པ་བཤད། དེར་བརྟེན་ཡང་བསྐྱར་ས་ཁང་ཁེ་གཉེར་ཁྲོད། ལྦུལ་བ་(འཐོར་ཆོག་ཆོག་གི་དཀའ་ངལ།)གསར་བ་ཞིག་འབྱུང་བཞིན་པར། རྒྱ་ནག་གཞུང་གིས་ལྐོག་ནས་འཇིགས་སྣང་བྱེད་བཞིན་པའི་གནས་ཚུལ་ཐོན་ཅིང་། གཞུང་གིས་སྒེར་བའི་ས་ཁང་ཁེ་གཉེར་དག་ལ་རོགས་སྐྱོར་ཉུང་དུ་དང་། མངོན་པར་མི་གསལ་བའི་ངང་ས་ཁང་ཁེ་གཉེར་དེ། གཞུང་གིས་སྟངས་འཛིན་བྱ་རྒྱུའི་ཕྱོགས་སུ་འགྲོ་བཞིན་པ་བཤད། ས་ཁང་ཁེ་གཉེར་གྱིས་རྒྱ་ནག་གི་དཔལ་འབྱོར་སྤྱིའི་བརྒྱ་ཆ་ 25% ནས་ 30% བར་ཟིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག