Homeརྒྱལ་སྤྱི།ཨེ་ཤ་ཡ།རྒྱ་ནག་གི་དམག་སྦྱོང་གསར་བ།

རྒྱ་ནག་གི་དམག་སྦྱོང་གསར་བ།

Date:

དེ་རིང་གཟའ་ཟླ་བའི་ཞོགས་པ་ནས། སླར་ཡང་རྒྱ་ནག་གི་མཁའ་མཚོ་གཉིས་ཀྱི་དམག་དཔུང་དང་། གོ་ལག་ཕོན་ཆེན་ཐེ་ཝན་གྱི་ཕྱོགས་སུ་ལམ་ལ་ཆས། ཐེ་ཝན་གྱིས་ཛ་དྲག་ངང་དམག་དཔུང་བཏང་ནས་གྲ་སྒྲིག་བྱེད་བཞིན་པའི་མཚམས།

དེ་རིང་གཟའ་ཟླ་བའི་ཞོགས་པ་ནས། སླར་ཡང་རྒྱ་ནག་གི་མཁའ་མཚོ་གཉིས་ཀྱི་དམག་དཔུང་དང་། གོ་ལག་ཕོན་ཆེན་ཐེ་ཝན་གྱི་ཕྱོགས་སུ་ལམ་ལ་ཆས་ཤིང་། སང་ཉིན་ནས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་ཆེན་པོ་ཞིག་འགོ་གཟུག་རྒྱུ་ཡིན་པ་དང་། འདི་ནི་ཐེ་ཝན་གྱི་ཁ་བྲལ་བ་ཚོར་བཏང་བའི་ཉེན་བརྡ་ཆེན་པོ་ཞིག་ཡིན་ཞེས། རྒྱ་ནག་ཤར་ཕྱོགས་དམག་སྡེ་ཡིས་བསྒྲགས།

དེ་བཞིན་རྒྱ་ནག་གིས། འདི་ནི་ཕྱི་ལོགས་ཀྱི་དམག་དཔུང་གི་ཐེ་བྱུས་འགོག་ཐབས་ཀྱི་དམག་དོན་སྦྱོང་བརྡར་ཞིག་ཡིན་པའང་བཤད། {ཕྱི་ལོགས་ཀྱི་དམག་དོན་ཐེ་བྱུས་འགོག་ཐབས་}ཞེས་པའི་སྐད་ཆ་འདི་རྒྱ་ནག་གི་ཁ་ནས་ཐོན་པ་ཐོག་མ་དེ་གྱུར། ཉིན་ 11 གི་སྔོན་དུ་ཨ་རིས་ཐེ་ཝན་ལ་འགོག་སྲུང་གོ་ལག་ཨ་སྒོར་ཐེར་འབུམ་ $11.1 གི་རིན་ཐང་འཚོང་རྒྱུ་བསྒྲགས།

རྒྱ་ནག་གིས་དེའི་ལན་དུ་ཨ་རིའི་དམག་དོན་བཟོ་གྲྭ་ 20 དང་། དེ་དག་གི་སྤྱི་གཉེར་ 10 ཡི་སྟེང་ཉེས་ཆད་བཀལ་ཅིང་། རྒྱ་ནག་གི་ཁེ་གཉེར་དང་མི་སྒེར་སུ་ཞིག་གིས་ཀྱང་། འདི་དག་དང་ལྷན་ཚོང་འབྲེལ་གཉེར་མི་ཆོག་ཅེས་བསྒྲགས། དེ་ལྟར་ན་འདི་ཕྱི་ལོ་ 2022 ལོར་ཨ་རིའི་གྲོས་ཚོགས་ཚོགས་གཙོ། ལྕམ་ནན་སེ་པི་ལོ་སི་ཐེ་ཝན་དུ་ཕྱིན་པ་ནས། རྒྱ་ནག་གིས་ཐེ་ཝན་མཚོ་གླིང་གི་མཐའ་འཁོར་དུ་དམག་སྦྱོང་ཆེན་པོ་བྱེད་པ་ཐེངས་དྲུག་པ་དེ་འགྱུར་རྒྱུ་དང་། ཐེ་ཝན་གྱིས་ཛ་དྲག་ངང་དམག་དཔུང་བཏང་ནས་གྲ་སྒྲིག་བྱེད་བཞིན་པའི་མཚམས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག