Homeདཔལ་འབྱོར།ཚོང་འབྲེལ།རྒྱ་ནག་གིས་ཨ་རིའི་སྟེང་ཉེས་ཆད།

རྒྱ་ནག་གིས་ཨ་རིའི་སྟེང་ཉེས་ཆད།

Date:

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་བའི་ལན་དུ། རྒྱ་ནག་གིས་ཨ་རིའི་གོ་ལག་བཟོ་གྲྭ་ 20 དང་ཁེ་གཉེར་འདི་དག་གི་སྤྱི་གཉེར་གྲངས་ 10 ཡི་སྟེང་ཉེས་ཆད་བཀལ་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གྱི་དཀྱིལ་སྙིང་ལ་ཐུག་པ་ཞིག་ཡིན་ཞེས་བསྒྲགས།

བདུན་ཕྲག་སྔོན་མར་ཨ་རིས། ཐེ་ཝན་ལ་གོ་ལག་ཨ་སྒོར་ཐེར་འབུམ་ $11.1 གི་རིན་ཐང་འཚོང་རྒྱུ་ཡིན་པ་བསྒྲགས་ཟིན་པ་ལྟར། དེའི་ལན་དུ་དེ་རིང་རྒྱ་ནག་གིས། ཨ་རིའི་གོ་ལག་བཟོ་གྲྭ་ 20 དང་ཁེ་གཉེར་འདི་དག་གི་སྤྱི་གཉེར་གྲངས་ 10 ཡི་སྟེང་ཉེས་ཆད་བཀལ་ཟིན་པ་བསྒྲགས། ཉེས་ཆད་ནི་ཁེ་གཉེར་དང་མི་སྒེར་འདི་དག་གི་དངུལ་སྒོར། རྒྱ་ནག་ཏུ་ཡོད་པ་ཚང་མ་འགུལ་རྒྱུ་མེད་པ་གཏོང་རྒྱུ་མ་ཟད། རྒྱ་ནག་རང་གི་ཁེ་གཉེར་དང་མི་སྒེར་གང་གིས་ཀྱང་། གོང་གི་ཨ་རིའི་ཁེ་གཉེར་དང་མི་སྒེར་འདི་ཚོ་དང་ལྷན་ཚོང་ལས་གཉེར་མི་ཆོག་ཅེས་བསྒྲགས།

ད་དུང་ཉེས་ཆད་འོག་ཚུད་ཟིན་པའི་ཨ་རིའི་ཁེ་གཉེར་འདི་དག་གི་ཆེས་མཐོའི་འཛིན་སྐྱོང་མི་སྣ་དག་རྒྱ་ནག་ཏུ་ཡོང་མི་ཆོག་པ་བཟོས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གྱི་དཀྱིལ་སྙིང་ལ་ཐུག་པ་ཞིག་དང་། འདི་ནི་ཨ་རི་དང་ཀྲུང་གོའི་འབྲེལ་བའི་ཁྲོད་བརྒལ་མི་རུང་བའི་ས་ཐིག་དང་པོ་དེ་རེད་ཅེས་དང་། ཐིག་དེ་བརྒལ་ཚེ་དེའི་ལན་དྲག་པོ་བསློག་རྒྱུ་ཡིན། ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་བའི་ཉེན་ཁ་ཅན་གྱི་བྱ་སྤྱོད་འདི་མཚམས་ཞོག་ཅེས་བསྒྲགས།

རྒྱ་ནག་གིས་ཐེ་ཝན་དེ་རང་གི་ཆ་ཤས་ཤིག་ཏུ་སྒྲོག་བཞིན་པ་ལ། ཨ་རིས་ཐེ་ཝན་ལ་འགོག་སྲུང་གོ་ལག་འཚོང་དགོས་པ་ནི། ཨ་རི་རང་གི་ཁྲིམས་ཀྱིས་ཐག་བཅད་ཟིན་པ་ཡིན་པ་གསལ། དེར་བརྟེན་ཐེ་ཝན་དང་འབྲེལ་བའི་ཨ་རིའི་སྲིད་བྱུས་ནི། ཐེ་ཝན་དེ་རྒྱ་ནག་གིས་བཙན་གྱིས་ལེན་དུ་མི་འཇུག་རྒྱུ་དང་། དེ་དང་ལྷན་ཐེ་ཝན་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ཁས་ཀྱང་མི་ལེན་པས། འདི་ལ་ཁ་གསལ་མེད་པའི་སྲིད་བྱུས་(Ambiguous policy)ཞེས་འབོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག