Homeདཔལ་འབྱོར།རྒྱ་ནག་བཟོ་གྲྭའི་ཐོན་སྐྲུན་ཚད།

རྒྱ་ནག་བཟོ་གྲྭའི་ཐོན་སྐྲུན་ཚད།

Date:

ཕྱི་ཟླ་ 10 ནང་རྒྱ་ནག་གི་བཟོ་གྲྭ་དག་གི་ཐོན་སྐྲུན་ཚད་དེ། བརྒྱ་ཆ་ 4.9% ལས་ཡར་འཕར་མ་ཐུབ་པ་ལ། ཕྱི་ཟླ་ 11 ནང་ཚད་གཞི་དེའང་བརྒྱ་ཆ་ 4.8% ལ་མར་ཟག་ཟིན་པའི་གནས་ཚུལ་ཐོན་ཅིང་། འདི་ནི་འདས་པའི་ཟླ་བ་ 15 རིང་ཐོན་སྐྲུན་ཡར་རྒྱས་ཚད་གཞི་དལ་ཤོས་དེ་གྱུར།

ད་ལོའི་ཕྱི་ཟླ་ 10 ནང་རྒྱ་ནག་གི་བཟོ་གྲྭ་དག་གི་ཐོན་སྐྲུན་ཚད་དེ། བརྒྱ་ཆ་ 4.9% ལས་ཡར་འཕར་མ་ཐུབ་པ་ལ། ཕྱི་ཟླ་ 11 ནང་ཚད་གཞི་དེའང་བརྒྱ་ཆ་ 4.8% ལ་མར་ཟག་ཟིན་པའི་གནས་ཚུལ་ཐོན་ཅིང་། འདི་ནི་འདས་པའི་ཟླ་བ་ 15 རིང་ཐོན་སྐྲུན་ཡར་རྒྱས་ཚད་གཞི་དལ་ཤོས་དེ་གྱུར། དེ་བཞིན་འཛད་སྤྱོད་པ་ཚོས་ཚོང་ཟོག་ཉོས་པའི་ཚད་དེ། ཕྱི་ཟླ་ 10 ནང་བརྒྱ་ཆ་ 2.9% ཡིན་པ་ལ། ཕྱི་ཟླ་ 11 ནང་བརྒྱ་ཆ་ 2.8% ལ་མར་ཟག་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། ཕྱི་ཟླ་ 11 ནང་བརྒྱ་ཆ་ 1.3% ལས་ཡར་འཕར་མ་ཐུབ་པས་ཚོད་དཔག་གི་འོག་ཏུ་ཟག

འདི་ནི་ཕྱི་ལོ་ 2022 ཟླ་ 12 ནང་ནས་ཚད་གཞི་དམག་ཤོས་དེ་གྱུར་ཟིན་ཅིང་། རྒྱ་ནག་གཞུང་གིས་སེམས་ཁྲལ་བྱ་ཡུལ་ཆེ་ཤོས་དེ་འདི་གྱུར། ས་ཁང་ཁེ་གཉེར་གྱི་མ་རྐང་བརྡིབས་པའི་དཀའ་ངལ་སྔར་བཞིན་གནས་ཡོད་པ་དང་། ཚོང་ཁང་འཚོང་བསྒྱུར་གྱི་བརྒྱ་ཆ་ 70% ཡས་མས་ཤིག་ས་ཁང་ཁེ་གཉེར་དང་འབྲེལ་བ་ཡོད་པ་བཤད། ད་དུང་ཁང་པའི་རིན་གོང་མུ་མཐུད་དུ་ཆག་བཞིན་པ་དང་། འཚོང་མ་ཐུབ་པའི་ཁང་པ་སྟོང་པ་ཕོན་ཆེན་སྔར་བཞིན་ལྷག་ཡོད་པ་གསལ།

དེ་བཞིན་རྒྱ་ནག་གཞུང་གིས། རླངས་འཁོར་བཟོ་གྲྭ་སོགས་ལ་རོགས་སྐྱོར་འདྲ་མིན་བྱེད་བཞིན་པ་ལ། ད་ལྟ་རོགས་སྐྱོར་འདི་ཟད་བཞིན་པ་བཤད། རྒྱུ་མཚན་འདིའི་རྐྱེན་པས། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དེ་ཕྱིར་འཚོང་ལ་ཤུགས་ཆེན་བརྟེན་དགོས་གྱུར་ཡོད་པ་གསལ། ཡིན་ན་ཡང་། ཕར་གཞན་ལ་འཚོང་རྒྱུ་ལས་གཞན་གྱི་དེ་ཚུར་མི་ཉོ་བའི་བྱེད་སྟངས་འདིས། རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་ཚོང་ཟོག་སྟེང་སྒོ་ཁྲལ་བཀལ་ནས། རང་གི་བཟོ་གྲྭ་དག་སྲུང་སྐྱོབ་བྱ་དགོས་པའི་ཚད་དུ་བསྐྱལ།

ཇི་ལྟར་ཡང་ད་ལོའི་ཕྱི་ཟླ་ 1 ནས་ཕྱི་ཟླ་ 11 བར་གྱི་རྒྱ་ནག་དང་རྒྱལ་ཁབ་གཞན་བར་གྱི་ཚོང་འབྲེལ་རིན་ཐད་དེ། ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 ལས་བརྒལ་ཅིང་། འདི་ནི་རྒྱ་ནག་གི་ཚོང་འབྲེལ་ལོ་རྒྱུས་ཁྲོད་བྱུང་བ་ཐོག་མ་དེ་གྱུར། ཕྱིར་ཚོང་ལ་བརྟེན་ནས་ད་ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ 5% དེ་ཟིན་རྒྱུ་ཡིན་པ་སྔོན་དཔག་བྱེད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག