Homeརྒྱལ་སྤྱི།ཨ་མེ་རི་ཀརྒྱལ་ཁབ་ཀྱི་ས་ཆ་སོར་གང་ཚུན་སྲུང་སྐྱོབ་དགོས།

རྒྱལ་ཁབ་ཀྱི་ས་ཆ་སོར་གང་ཚུན་སྲུང་སྐྱོབ་དགོས།

Date:

ཝེ་ནེ་ཛོ་ལའི་ཕྱི་སྲིད་བློན་ཆེན་གྱིས། ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ལས་བླུན་པོ་ཞིག་རྙེད་མི་སྲིད་པ་རེད། ཝེ་ནེ་ཛོ་ལའི་ས་ཐོག་ཏུ་རྐང་པ་སྤོ་མཁན་སུ་ཞིག་ཡིན་ནའང་། དེ་ཉིད་རྩ་མེད་དུ་བཟོ་ངེས་ཡིན་ཞེས་བཤད།

ད་ལྟ་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཐག་ཉེར་ཨ་རིའི་དམག་དཔུང་དང་། གོ་ལག་ཕོན་ཆེན་སྤུངས་ཡོད་པ་ལྟར། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། (དཀའ་ངལ་འདི་སེལ་བར་)ལམ་ཀ་ལས་སླ་བོ་ཞིག་གི་སྒང་ནས་འགྲོ་ན་རེད། ཁག་པོ་ཞིག་གི་སྒང་ནས་འགྲོ་ནའང་རེད། ཁོ་ཚོས་(ཝེ་ནེ་ཛོ་ལས།)། ཉལ་ཐ་འཚོང་མཁན་དང་ཉེས་ཅན་ས་ཡ་ཨ་རིའི་རྒྱལ་ནང་ལ་བླུགས་ཟིན་པ་རེད་ཅེས་བཤད།

དེ་དང་ལྷན་ཝེ་ནེ་ཛོ་ལའི་སྲིད་འཛིན་སྒེར་གཅོད་པ་མཱ་རྡུ་རོ་ཡིས་གཏམ་བཤད་དྲག་པོ་ཞིག་སྤེལ། ཁོས། སློབ་ཕྲུག་དང་ཞིང་པ། ངལ་རྩོལ་བ་ཚང་མ་རང་གི་རྒྱལ་ཁབ་ཀྱི་ཆེད་འགན་འཁྲི། བརྩེ་བ་དང་བཅས་ཡར་ལངས་དགོས་པ་བསྒྲགས། ད་དུང་ཁོས། མི་སེར་དང་དམག་མི་ཚང་མས། རང་གི་རྒྱལ་ཁབ་ཀྱི་མངའ་ཁོངས་སོར་གང་ཚུན་སྲུང་སྐྱོབ་བྱ་དགོས་ཞེས་བཤད།

ད་དུང་ཝེ་ནེ་ཛོ་ལའི་ཕྱི་སྲིད་བློན་ཆེན་གྱིས། ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ལས་བླུན་པོ་ཞིག་རྙེད་མི་སྲིད་པ་རེད། ཝེ་ནེ་ཛོ་ལའི་ས་ཐོག་ཏུ་རྐང་པ་སྤོ་མཁན་སུ་ཞིག་ཡིན་ནའང་། དེ་ཉིད་རྩ་མེད་དུ་བཟོ་ངེས་ཡིན་ཞེས་བཤད། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་ལྟར་ན། ཨ་རིའི་རྒྱལ་ནང་དུ་ལྷོ་ཨ་མེ་རི་ཀ་ནས་ཉལ་དང་ཁྲིམས་འགལ་སྐྱབས་བཅོལ་བ་མང་པོ་ཡོང་སའི་ཁུངས་དང་ལམ་ཀ་གཙོ་བོ་ནི། ཁཱ་རེ་བྷེ་ཡན་མཚོ་རྒྱུ་དང་། ཀོ་ལིམ་བྷི་ཡ། ཝེ་ནེ་ཛོ་ལ་སོགས་ཡིན་པ་འདོད།

དེ་མ་ཟད་ཉལ་ཐ་དང་སྐྱབས་བཅོལ་བ་འདི་དག་་ཨ་རིའི་རྒྱལ་ནང་དུ་འགྲོ་ཐུབ་ཆེད། ཝེ་ནེ་ཛོ་ལའི་གཞུང་གིས་ཆེད་དུ་འཆར་གཞི་ལྡན་པའི་ངང་མཐུན་རྐྱེན་སྦྱོར་བཞིན་པ་བཤད། དེར་བརྟེན་ཝེ་ནེ་ཛོ་ལའི་ཆེས་མཐོའི་དཔོན་རིགས་ཚོ་ཨ་རིས་དྲག་སྤྱོད་པའི་མིང་ཐོའི་ནང་བཅུག་ཟིན་པ་དང་། ད་ལྟ་ཕྱོགས་འདིའི་གནས་སྟངས་གློ་བུར་དུ་སྡུག་ཏུ་འགྲོ་སྲིད་པའི་ཚད་ལ་སླེབས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག