Homeརྒྱལ་སྤྱི།ཡུ་རོབ།ལྕམ་མཱ་རེན་ལི་ཕན་ལ་ཁྲིམས་བཤེར།

ལྕམ་མཱ་རེན་ལི་ཕན་ལ་ཁྲིམས་བཤེར།

Date:

ཡུ་རོབ་མཉམ་འབྲེལ་གྱིས་ཧྥ་རན་སིའི་གྲོས་ཚོགས་ལ་སྤྲད་པའི་དངུལ་སྒོར། ཡུ་སྒོར་ས་ཡ་ €4.8 རང་གི་ཆབ་སྲིད་ཚོགས་པའི་ཆེད་བཏང་ཟིན་པའི་ཉེས་འཛུགས་འོག རྙིང་ཞེན་ཤོག་ཁག་གི་དབུ་ཁྲིད་ལྕམ་མཱ་རེན་ལི་ཕན་ལ་ཁྲིམས་བཤེར་བྱས།

ཕྱི་ལོ་ 2004 ནས་ཕྱི་ལོ་ 2016 བར་ཧྥ་རན་སིའི་རྙིང་ཞེན་ཆབ་སྲིད་ཚོགས་པའི་(ད་ལྟའི་ NR)ངོས་ནས། ཡུ་རོབ་མཉམ་འབྲེལ་གྱིས་ཧྥ་རན་སིའི་གྲོས་ཚོགས་ལ་སྤྲད་པའི་དངུལ་སྒོར། ཡུ་སྒོར་ས་ཡ་ €4.8 རང་གི་ཆབ་སྲིད་ཚོགས་པའི་ཆེད་བཏང་ཟིན་པའི་ཉེས་འཛུགས་འོག བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ནས། རྙིང་ཞེན་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཟུར་བ་དང་། ཁོ་ཚོའི་ད་ལྟའི་ངོ་གདོང་ལྟ་བུ་གྱུར་ཡོད་པ་ལྕམ་མཱ་རེན་ལི་ཕན་ལ་ཁྲིམས་བཤེར་འགོ་བཙུགས།

ཁྲིམས་བཤེར་འདིའི་མཐའ་མའི་གྲུབ་དོན་ནི། ད་ལོའི་དཔྱིར་ཀར་ཕྱིར་ཐོན་རྒྱུ་ཚོད་དཔག་བྱེད་ཅིང་། འདིས་ཕྱི་ལོ་ 2027 ལོར་སྲིད་འཛིན་གྱི་འོས་མིར་ལངས་རྒྱུའི་དམིགས་ཡུལ་ཡོད་པའི་བུད་མེད་འདིའི་ཆབ་སྲིད་ལས་དོན་ལ་བར་ཆད་ཆེན་པོ་བཟོ་སྲིད་པ་སྔོན་དཔག་བྱེད། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་གཙོས། ནུབ་ཕྱོགས་ཀྱི་རྙིང་ཞེན་པ་ཚོས། མོ་ལ་བཙུགས་པའི་ནག་ཉེས་འདི་ནི་ཆབ་སྲིད་ཀྱིས་ཀུན་ནས་བསླངས་པ་ཞིག་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག