Homeརྒྱལ་སྤྱི།ཨ་མེ་རི་ཀསྒྲོ་ནལ་ཁྲི་རམ་ཕུ་དང་མཱ་རྡུ་རོ་བར་ཁ་པར་བརྒྱུད་གླེང་མོལ་བྱས།

སྒྲོ་ནལ་ཁྲི་རམ་ཕུ་དང་མཱ་རྡུ་རོ་བར་ཁ་པར་བརྒྱུད་གླེང་མོལ་བྱས།

Date:

ཁ་སང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་དངོས་ལ་རྒྱུས་ཡོད་ཀྱི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། དོན་ལ་བདུན་ཕྲག་སྔོན་མར་སྒྲོ་ནལ་ཁྲི་རམ་ཕུ་དང་། མཱ་རྡུ་རོ་གཉིས་བར་ཁ་པར་བརྒྱུད་གླེང་མོལ་བྱས་ཟིན་པ་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོས་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྲིད་འཛིན། མཱ་རྡུ་རོ་དང་ལྷན་ཁ་པར་བརྒྱུད་སྐད་ཆ་བཤད་རྒྱུའི་འཆར་གཞི་ཡོད་ཅེས་བཤད་ཟིན་པ་ལྟར། ཁ་སང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་དངོས་ལ་རྒྱུས་ཡོད་ཀྱི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། དོན་ལ་བདུན་ཕྲག་སྔོན་མར་སྒྲོ་ནལ་ཁྲི་རམ་ཕུ་དང་། མཱ་རྡུ་རོ་གཉིས་བར་ཁ་པར་བརྒྱུད་གླེང་མོལ་བྱས་ཟིན་པ་དང་། ཁོ་གཉིས་ཐད་ཀར་ཨ་རིའི་རྒྱལ་ནང་དུ་ཐུག་རྒྱུའི་སྐོར་སྐད་ཆ་བཤད་ཟིན་ནའང་། འདིའི་ཐད་ད་ལྟ་བར་དམིགས་བསལ་ཐག་གཅོད་གང་ཡང་མེད་པ་བཤད། གལ་སྲིད་ཁོ་གཉིས་ཐུག་ཚེ་དེ་ནི་ཨ་རིའི་སྲིད་འཛིན་ཞིག་དང་། ཝེ་ནེ་ཛོ་ལའི་སྒེར་གཅོད་པ་ཞིག་ཐུག་པ་ཐོག་མ་དེ་འགྱུར་རྒྱུ།

སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། མཱ་རྡུ་རོ་ནི་ཝེ་ནེ་ཛོ་ལའི་ཁྲིམས་མཐུན་སྲིད་འཛིན་མ་ཡིན་པ་དེ་ཤོད་བཞིན་ཡོད་ལ། ཝེ་ནེ་ཛོ་ལའི་ཆེས་མཐོའི་དཔོན་རིགས་དག་མིང་ཐོ་ནག་པོའི་ནང་དུ་བཅུག་ཟིན། ཨ་རིའི་དམག་དཔུང་དང་། གྲུ་གཟིངས་ཕོན་ཆེན་ཁཱ་རེ་བྷེ་ཡ་མཚོ་རྒྱུད་དང་རྒྱལ་ཁབ་འདིའི་ཐག་ཉེར་སྤུངས་ཟིན་ལ། ད་ལོའི་ཕྱི་ཟླ་ 9 ནས་ཨ་རིའི་དམག་དཔུང་གིས། མཚོ་ཐོག་ཏུ་ནག་ཚོགས་དང་ཉལ་ཐ་ཚོང་མཁན་ཚོའི་ཡིན་པར་བཤད་པ། གྲུ་གཟིངས་ 20 ཡས་མས་ལ་གཏོར་རྒོལ་གྱིས་མི་ 80 ལས་མང་བ་བསད་ཟིན། བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་སྒྲོ་ནལ་ཁྲི་རམ་ཕུས་སླར་ཡང་། ཨ་རིའི་དམག་དཔུང་གིས་ས་ཁུལ་འདིའི་སྐམ་ཐོག་ཏུ་གཏོར་རྒོལ་བྱ་སྲིད་པ་བཤད།

བསད་ཟིན་པ་དེ་དག་ནག་ཚོགས་ཀྱི་མི་ཡིན་པ་བཤད་ཀྱང་། དོན་དངོས་སུ་ཚང་མ་ནག་ཚོགས་ཀྱི་མི་ཡིན་མིན་དེ། ཨ་རིའི་དམག་དཔུང་གིས་ཀྱང་ཤེས་ཀྱི་མེད་པ། ནེའུ་ཡོག་དུས་བབ་སྟེང་གནས་ཚུལ་བཀོད། གལ་སྲིད་དེ་དག་གི་ཁྲོད་ཉེས་མེད་ཀྱི་མི་སེར་ཚུད་ཡོད་ཚེ། འབྱུང་འགྱུར་ཨ་རིའི་འབྲེལ་ཡོད་ལས་བྱེད་ཚོར། རྒྱལ་སྤྱིའི་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པ་བཤད། ཡིན་ན་ཡང་། ཁ་སང་ཨ་རིའི་དམག་འཁྲུག་ལྷན་ཁང་གི་དྲུང་ཆེ་ཕེ་ཀྲི་ཧག་སེ་ཐི་ཡིས། ང་ཚོས་ནག་ཚོགས་ཀྱི་མི་གསོད་རྒྱུའི་འགོ་བཙུགས་པ་ཙམ་ཡིན་ཞེས། ཨ་རིའི་དམག་དཔུང་གིས་མུ་མཐུད་དུ་གཏོར་རྒོལ་བྱ་རྒྱུ་ཡིན་པ་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག