Homeརྒྱལ་སྤྱི།ཨེ་ཤ་ཡ།སྲོག་ཁྲིམས་གཅོད་རྒྱུར་འབོད་སྐུལ། 

སྲོག་ཁྲིམས་གཅོད་རྒྱུར་འབོད་སྐུལ། 

Date:

ཕྱི་ལོ་ 2024 ཟླ་ 12 ཚེས་ 3 ཉིན་གློ་བུར་དུ་རྒྱལ་ཡོངས་སུ་དྲག་པོའི་བཀའ་རྒྱ་བསྡམས་པ་དང་འབྲེལ། ལྷོ་ཀོ་རེ་ཡའི་ནག་ཉེས་འཛུགས་མཁན་སྐོར་ཞིག་གིས། སྲིད་འཛིན་ཟུར་བ་ཡོན་སོག་ཡོང་ལ་སྲོག་ཁྲིམས་གཅོད་རྒྱུར་ཁྲིམས་ཁང་ལ་ཞུ་ཡིག་ཕུལ།

གཟའ་མིག་དམར་ཉིན། ལྷོ་ཀོ་རེ་ཡའི་ནག་ཉེས་འཛུགས་མཁན་སྐོར་ཞིག་གིས། སྲིད་འཛིན་ཟུར་བ་ཡོན་སོག་ཡོང་ལ་སྲོག་ཁྲིམས་གཅོད་རྒྱུར་ཁྲིམས་ཁང་ལ་ཞུ་ཡིག་ཕུལ། ཕྱི་ལོ་ 2024 ཟླ་ 12 ཚེས་ 3 ཉིན་སྲིད་འཛིན་ཡོན་སོག་ཡོང་གིས། གློ་བུར་དུ་རྒྱལ་ཡོངས་སུ་དྲག་པོའི་བཀའ་རྒྱ་བསྡམས་ཤིང་། ཕྱོགས་འགལ་གྲོས་འཐུས་ཚོ་གཙོས་གྲོས་འཐུས་མང་པོ་འཛིན་ཐབས་བྱས།

ཡིན་ན་ཡང་། དེ་མ་ཐག་གྲོས་འཐུས་ཚོ་གསང་བའི་ངང་གྲོས་ཚོགས་ཁང་དུ་འཛུལ་ཅིང་། འོས་བསྡུ་བརྒྱུད་དྲག་པོའི་བཀའ་རྒྱ་དེ་ཕྱིར་བཟློགས་ཤིང་། མཐར་དྲག་པོའི་བཀའ་རྒྱ་དེའི་དུས་ཡུན་ཆུ་ཚོད་ 3 ཡས་མས་ཙམ་ཞིག་ཏུ་གྱུར། དེའི་མཇུག་འབྲས་སུ་སྲིད་འཛིན་གྲོས་ཚོགས་ཀྱིས་གནས་དབྱུང་བཏང་ཞིང་རྗེས་སུ་ཁྲིམས་བཤེར་འགོ་བཙུགས།

ཁོ་ལ་བཙུགས་པའི་ནག་ཉེས་ཁྲོད་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་གཅོད་བྱ་རྒྱུ་ཚོད་ལྟ་དང་། རྒྱལ་ཁབ་ལ་བློ་ལོག་པའི་ནག་ཉེས་སོགས་ཚུད་ཅིང་། སྲིད་འཛིན་ཡོན་སོག་ཡོང་གིས་ད་དུང་ཡང་། རང་གིས་སྔར་བྱས་པ་དག་ནི་སྲིད་འཛིན་གྱི་དབང་ཆ་དང་། རྩ་ཁྲིམས་ཀྱི་རྒྱ་ལས་བརྒལ་མེད་པ་དང་། ཕྱོགས་འགལ་ཆབ་སྲིད་པ་ཚོས་རྒྱལ་ཁབ་གཡོ་འཚོང་དང་། བྱང་ཀོ་རེ་ཡ་དང་འབྲེལ་བ་བྱས་ཡོད་པ་སོགས་ཤོད་བཞིན་པའི་མཚམས། ཁྲིམས་ཁང་གི་མཐའ་མའི་ཐག་གཅོད་དེ། ཕྱི་ཟླ་ 2 ཚེས་ 19 ཉིན་བྱ་རྒྱུ་ཡིན་པ་ཚོད་དཔག་བྱེད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག