Homeརྒྱལ་སྤྱི།དཀྱིལ་ཤར།ཧཱ་མ་སིས་རྒྱལ་ཚོགས་ཀྱི་ཡིག་ཆ་ཁས་མ་བླངས།

ཧཱ་མ་སིས་རྒྱལ་ཚོགས་ཀྱི་ཡིག་ཆ་ཁས་མ་བླངས།

Date:

གཟའ་ཟླ་བའི་ཉིན་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་སུ། འབྱུང་འགྱུར་གྷ་ཛ་ས་ཁུལ་དུ་ཞི་བདེ་བསྐྲུན་རྒྱུ་དང་། དམག་འཁྲུག་གིས་གཏོར་ཟིན་པ་དག་བསྐྱར་གསོ་བྱ་རྒྱུ་དང་འབྲེལ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་བཏོན་པའི་ཡིག་ཆ་ཞིག་འགྲོ་ཐུབ་པར་གྱུར།

གཟའ་ཟླ་བའི་ཉིན་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་སུ། འབྱུང་འགྱུར་གྷ་ཛ་ས་ཁུལ་དུ་ཞི་བདེ་བསྐྲུན་རྒྱུ་དང་། དམག་འཁྲུག་གིས་གཏོར་ཟིན་པ་དག་བསྐྱར་གསོ་བྱ་རྒྱུ་དང་འབྲེལ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་བཏོན་པའི་ཡིག་ཆ་ཞིག་འགྲོ་ཐུབ་པར་གྱུར། ལྷན་ཚོགས་འདིར་རྒྱལ་ཁབ་ 15 ཡོད་པ་ལ། རྒྱ་ནག་དང་རཱ་ཤི་ཡ་གཉིས་ཚོགས་འདུར་མ་ཞུགས་ཤིང་། ལྷག་མ་རྒྱལ་ཁབ་ 13 གྱིས་ཨ་རིའི་ཡིག་ཆ་འདིར་རྒྱབ་སྐྱོར་བྱས། འཆར་གཞི་ལྟར་ཕྱིན་ཚེ་ལོ་རྗེས་མའི་ཕྱི་ཟླ་ 1 ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་གསལ།

སྔར་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་བཏོན་པའི་ཡིག་ཆ་ལྟར། ཐེངས་འདིར་རྒྱལ་ཚོགས་སུ་ཕྱིན་པའི་ཡིག་ཆ་འདི་ལྟར་ན། གཙོ་བོ་གྷ་ཛ་ས་ཁུལ་དུ་བར་བརྒལ་སྲིས་གཞུང་ཞིག་འཛུགས་རྒྱུ་དང་། གཞུང་དེའི་སྒང་དུ། མིང་ལ་{ཞི་བདེའི་ལྷན་ཚོགས་}ཞེས་པ་འཛུགས་རྒྱུ། ཚོགས་པ་འདིས་བར་བརྒལ་གཞུང་གི་ལས་དོན་སོགས་ལ་ལྟ་ཞིབ་བྱ་རྒྱུ། དེ་བཞིན་རྒྱལ་སྤྱིའི་མཉམ་འབྲེལ་བདེ་སྲུང་དཔུང་སྡེ་ཞིག་གྷ་ཛ་ས་ཁུལ་དུ་འཇོག་རྒྱུ་དང་། ལས་ཀའི་དུས་ཡུན་ལོ་ 2 དང་དེའི་རིང་ཨེ་ཇིབ་དང་། ཨེ་ཛི་རལ་ལྷན་མཉམ་འབྲེལ་གྱིས། གྷ་ཛ་ས་ཁུལ་གྱི་བདེ་འཇགས་དང་བར་བརྒལ་གཞུང་གི་ལས་དོན་ཁྲོད་ལྟ་ཞིབ་བྱ་རྒྱུ།

ལྷག་པར་གྷ་ཛ་ས་ཁུལ་དུ་གཏོར་ཟིན་པ་དག་བསྐྱར་གསོའི་མ་དངུལ་དེ། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱབ་སྐྱོར་འོག་ཐེབས་རྩ་ཞིག་འཛུགས་རྒྱུ་དང་། ཐེབས་རྩ་དེ་བརྒྱུད་ནས་གཏོང་རྒྱུ་བྱས་ཡོད་པ་ཡིག་ཆ་འདིའི་ནང་དུ་བཀོད་ཡོད་པ་གསལ། དེ་བཞིན་གྷ་ཛ་ས་ཁུལ་གྱི་མི་སེར་ལ་བཟའ་ཆས་དང་། སྨན་སོགས་ཀྱི་རོགས་སྐྱོར་རྣམས་རྒྱལ་ཚོགས་དང་། རྒྱ་གྲམ་དམར་པོའི་ཚོགས་པ་སོགས་བརྒྱུད་ནས་གཏོང་རྒྱུ་དང་། དེ་དག་ལ་ལྟ་ཞིབ་བྱེད་མཁན་ནི་ཡོང་རྒྱུའི་བར་བརྒལ་གཞུང་དེ་འགྱུར་རྒྱུ་ཡིན་པ་གསལ།

ད་དུང་ཡིག་ཆ་དེའི་ནང་དུ། པཱ་ལི་སི་ཐན་རྒྱལ་ཁབ་འཛུགས་རྒྱུའི་ཐད། ད་ལྟའི་པཱ་ལི་སི་ཐན་གྱི་གཞུང་ལ་བཅོས་སྒྱུར་གྲུབ་རྗེས་དང་། གྷ་ཛ་ས་ཁུལ་གྱི་འཛུགས་སྐྲུན་འགོ་བཙུགས་རྗེས། གཞི་ནས་འདིའི་ཐད་སྐད་ཆ་བཤད་རྒྱུ་སྲིད་ཚུལ་བཀོད་ཡོད་པ་ལས། རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་(Two state solution)ལག་བསྟར་བྱ་རྒྱུ་སོགས་ཀྱི་སྐོར་གང་ཡང་བཀོད་མེད་པ་གསལ། {རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་}ཞེས་པ་ནི། ཨེ་ཛི་རལ་དང་པཱ་ལི་སི་ཐན་གཉིས་ལ་རྒྱལ་ཁབ་རེ་རེ་འཛུགས་སུ་བཅུག་པ་བརྒྱུད། དཀའ་ངལ་འདི་སེལ་རྒྱུ་ཞེས་པ་དེ་རེད།

ཡིན་ན་ཡང་། ད་ལྟ་གྷ་ཛ་ས་ཁུལ་དུ་ཡོད་པའི་ཧཱ་མ་སི་དྲག་དཔུང་གིས་ཡིག་ཆ་འདི་ཁས་ལེན་རྒྱུ་མིན་པ་བསྒྲགས། ཧཱ་མ་སི་དྲག་དཔུང་གིས། གྷ་ཛ་ས་ཁུལ་དུ་ཕྱི་རྒྱལ་གྱི་དམག་མི་བཞག་ཅེས་པ་ནི། ས་ཁུལ་འདིའི་དབང་ཆ་པཱ་ལི་སི་ཐན་གྱི་མིའི་ལག་ནས་བླངས་རྗེས། གཞན་ཞིག་ལ་སྤྲོད་རྒྱུའི་དོན་ཡིན་པས། འདི་ནི་ང་ཚོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་གྱི་མི་འདུག་ཅེས་བཤད། ད་དུང་ཁོ་ཚོས། རྒྱལ་སྤྱིའི་བདེ་སྲུང་དཔུང་སྡེ་འདིས། (ཧཱ་མ་སིའི་)ལག་ནས་གོ་ལག་ལེན་རྒྱུ་དེ་ཡིན་པས། ཁོ་ཚོས་ཨེ་ཛི་རལ་གྱི་ཕྱིར་ལས་ཀ་བྱེད་བཞིན་པ་ལས། འདི་ནི་བར་གནས་ཀྱི་དཔུང་སྡེ་ཞིག་མ་རེད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག