Homeདཔལ་འབྱོར།ཨ་མ་ཛོན་གྱིས་ལས་བྱེད་སྙུང་རྒྱུ། 

ཨ་མ་ཛོན་གྱིས་ལས་བྱེད་སྙུང་རྒྱུ། 

Date:

བདུན་ཕྲག་རྗེས་མར་དྲྭ་ལམ་ཚོང་གཉེར་ཆེན་མོ་ཨ་མ་ཛོན་གྱིས། བདུན་ཕྲག་རྗེས་མར་ཁོ་ཚོའི་ལས་བྱེད་གྲངས་ 14,000 བསྙུང་རྒྱུ་ཡིན་པ་བསྒྲགས། 

དྲྭ་ལམ་ཚོང་གཉེར་ཆེན་མོ་ཨ་མ་ཛོན་གྱིས། བདུན་ཕྲག་རྗེས་མར་ཁོ་ཚོའི་ལས་བྱེད་གྲངས་ 14,000 བསྙུང་རྒྱུ་ཡིན་པ་བཤད་ཅིང་། འདི་ནི་ཡིག་ཆ་དང་འབྲེལ་བའི་ལས་ཀ་བྱེད་མཁན་གྲངས་ཁྲི་ 3 མ་ཟིན་ཙམ་ཞིག་ཉུང་འཕྲི་བྱ་རྒྱུའི་འཆར་གཞིའི་ཆ་ཤས་ཤིག་ཡིན་པ་བཤད།
ལོ་སྔོན་མའི་ཕྱི་ཟླ་ 10 ནང་ཁོ་ཚོས་ལས་བྱེད་གྲངས་14,000 ཉུང་དུ་བཏང་།

ཨ་མ་ཛོན་གྱི་སྤྱི་གཉེར་ལྟར་ན། ལས་བྱེད་ཀྱི་གྲངས་ཀ་སྙུང་བཞིན་པ་འདི་ནི་དངུལ་སྒོར་གྱི་དཀའ་ངལ་འཕྲད་པ་དང་། བཅོས་མའི་རིག་པས་ལས་བྱེད་ཀྱི་ཚབ་བྱས་ནས་བྱུང་བ་ཞིག་མ་ཡིན་པར། ཁེ་གཉེར་འདིར་ལས་བྱེད་ཀྱི་རིམ་པ་མང་དྲགས་པའི་དཀའ་ངལ་ཡོད་པས། དེ་ཆུང་དུ་གཏོང་ཆེད་ཡིན་ཞེས་བཤད། རྒྱལ་སྤྱིའི་གང་སར་ཁྱོན་ཁོ་ཚོར་ལས་བྱེད་གྲངས་ས་ཡ་ 1.58 ཡོད་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག