Homeརྒྱལ་སྤྱི།ཨ་མེ་རི་ཀཨ་རི་དང་པོར་འཇོག་མཁན་ཚོའི་ནང་འཁྲུག

ཨ་རི་དང་པོར་འཇོག་མཁན་ཚོའི་ནང་འཁྲུག

Date:

གྲོས་འཐུས་བུད་མེད་ཀྲེ་ལོར་གྷི་རེ་ནེ་(Taylor Greene)ཡིས། ད་ལྟ་བར་ངས་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱས་པ་ཡིན། ཡིན་ན་ཡང་། ད་ལྟ་ཡིག་ཆ་ཚང་མ་ཕྱིར་འདོན་དགོས་པའི་ཐད་ནས་ངའི་ལངས་ཕྱོགས་ལ་འགྱུར་བ་མེད་ཅེས་བཤད། སྒྲོ་ནལ་ཁྲི་རམ་ཕུས་མོ་ལ། རྒྱལ་ཁབ་ལ་ངོ་ལོག་མཁན་གྱི་མིང་འཆལ་བཏགས། 

བདུན་ཕྲག་སྔོན་མར་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ཚོས། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་མང་པོ་ཕྱིར་བཀྲམས་ཤིང་། དེའི་ནང་དུ་སྒྲོ་ནལ་ཁྲི་རམ་ཕུའི་མིང་ཐེངས་ 3 ལ་སླེབས་པ་མ་ཟད། སྒྲོ་ནལ་ཁྲི་རམ་ཕུས་ཨེབ་སི་ཀྲེན་གྱི་གསང་བའི་ལས་ཀའི་སྐོར་ཧ་གོ་ཡོད་པ་གསལ་བོར་བཤད་ཡོད་རྐྱེན། སླར་ཡང་མང་གཙོ་ཚོགས་པའི་འཐུས་མི་ཚོ་མ་ཟད། སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཨ་རི་དང་པོ་འཇོག་པའི་ཁོའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ། གྲོས་འཐུས་བུད་མེད་ཀྲེ་ལོར་གྷི་རེ་ནེ་(Taylor Greene)ཡིས། ཡིག་ཆ་ཚང་མ་ཕྱིར་འདོན་དགོས་པ་བཤད་རྐྱེན། མོ་དང་སྒྲོ་ནལ་ཁྲི་རམ་ཕུ་བར་འགལ་ཤུགས་ཆེ་རུ་ཕྱིན།

བུད་མེད་འདིས། ད་ལྟ་བར་མོས་སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱས་པ་ཡིན། ཡིན་ན་ཡང་། ད་ལྟ་ཡིག་ཆ་ཚང་མ་ཕྱིར་འདོན་དགོས་པའི་ཐད་ནས་མོའི་ལངས་ཕྱོགས་ལ་འགྱུར་བ་མེད་ཅེས་ཟེར། སྒྲོ་ནལ་ཁྲི་རམ་ཕུས་བུད་མེད་འདི་ལ། རྒྱལ་ཁབ་ལ་བློ་ལོག་མཁན་ཞེས་ཚིག་ངན་བཤད་པར། བུད་མེད་འདིས་བློ་ཕམ་ཚད་མེད་དང་བཅས། ང་ལ་མིང་ངན་འདི་བཏགས་པ་ནས་བཟུང་། ང་རང་སྒེར་གྱི་ཚེ་སྲོག་ལ་ཉེན་ཁ་ཡོད་པ་བཤད་པར། སྒྲོ་ནལ་ཁྲི་རམ་ཕུས། ཁྱེད་ཀྱི་ཚེ་སྲོག་ལ་ཉེན་ཁ་མེད་པ་དང་། དོན་དངོས་སུ་ཁྱོད་ཀྱི་སྐོར་ལ་སུས་ཀྱང་དོ་སྣང་བྱ་མི་སྲིད་བཅས་བཤད།

དེ་དང་ལྷན་སྔར་ཨེབ་སི་ཀྲེན་གྱི་གནོད་འཚེ་འོག་ཚུད་པའི་བུད་མེད་མང་པོས་ཐུན་མོང་གི་ཡི་གེ་ཞིག་བྲིས་ཤིང་། ཁོ་ཚོས་གྲོས་འཐུས་བུད་མེད་འདིར་རྒྱབ་སྐྱོར་བྱེད་བཞིན་པ་བསྒྲགས། གྲོས་འཐུས་བུད་མེད་འདིས་ཀྱང་གནོད་འཚེ་འཕོག་པའི་བུད་མེད་འདི་དག་ལ་ཐུག་རྒྱུ་ཡིན་པ་བཤད། བུད་མེད་འདི་ནི་ཨ་རིས་ཡུ་ཁུ་རན་དང་ཨེ་ཛི་རལ་ལ་རོགས་སྐྱོར་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་དང་། ཨ་རི་ལས་གཞན་ལ་ཁ་ཡ་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་གཙོ་བོ་ཞིག་ཡིན་པས། འདི་ནི་ཨ་རི་དང་པོ་འཇོག་མཁན་ཚོའི་(MAGA)
བར་གྱི་ནང་འཁྲུག་ཆེན་པོ་ཞིག་ཏུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག