Homeརྒྱལ་སྤྱི།ཨ་མེ་རི་ཀཨ་རིའི་གཞུང་བསྐྱར་དུ་སྒོ་ཕྱེ། 

ཨ་རིའི་གཞུང་བསྐྱར་དུ་སྒོ་ཕྱེ། 

Date:

འདས་པའི་ཉིན་ 43 རིང་ཨ་རིའི་གཞུང་སྒོ་བརྒྱབས་ཤིང་། ཁ་སང་གྲོས་ཚོགས་འོག་མར་འོས་བསྡུ་བརྒྱུད། ལོ་རྗེས་མའི་ཕྱི་ཟླ་ 1 ཚེས་ 30 བར་གཞུང་བསྐྱར་དུ་སྒོ་འབྱེད་རྒྱུ་བྱས།

. ལོ་རྗེས་མའི་གཞུང་གི་འགྲོ་གྲོན་གཏོང་ཕྱོགས་དང་འབྲེལ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་གྲོས་མ་འཆམ་རྐྱེན། འདས་པའི་ཉིན་ 43 རིང་ཨ་རིའི་གཞུང་སྒོ་བརྒྱབས་ཤིང་། ལོ་རྒྱུས་ནང་ཨ་རིའི་གཞུང་སྒོ་བརྒྱབས་པ་དུས་ཡུན་ཤོས་དེ་གྱུར། ཁ་སང་གྲོས་ཚོགས་འོག་མ་རུ་སྤྱི་མཐུན་ཚོགས་པའི་འཐུས་མི་ཚང་མ་དང་། མང་གཙོ་ཚོགས་པའི་འཐུས་མི་ 6 བཅས་ཀྱིས་རྒྱབ་སྐྱོར་བྱས་རྐྱེན། ལོ་རྗེས་མའི་ཕྱི་ཟླ་ 1 ཚེས་ 30 བར་གཞུང་བསྐྱར་དུ་སྒོ་འབྱེད་རྒྱུ་དང་། ཞིང་ལས་ལྷན་ཁང་དང་དམག་དོན་འཛུགས་སྐྲུན། ཁྲིམས་བཟོ་དང་ཁྲིམས་འཛིན། ཁྲིམས་ཞིབ་བཅས་ཀྱི་སྡེ་ལག་བཅས་ལ་ལོ་ངོ་ཧྲིལ་བོ་གཅིག་རིང་འགྲོ་གྲོན་གཏོང་རྒྱུའི་ཆོག་མཆན་སྤྲད། དེ་བཞིན་འདས་པའི་གཞུང་སྒོ་བརྒྱབས་པའི་རིང་། གླ་ཆ་སྤྲོད་མ་ཐུབ་པའི་ལས་བྱེད་དག་ལ་གླ་ཆ་སྤྲོད་རྒྱུ་བཅས་ཚུད།

•. མདང་དགོང་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཁྲིམས་འཆར་འདི་ལ་མིང་རྟགས་བཀོད། འདས་པའི་ཉིན་མང་པོའི་རིང་ལ་གཞུང་སྒོ་བརྒྱབས་ཀྱང་། མཐར་ནང་སྲིད་འཐབ་རྩོད་འདིའི་ཁྲོད་ཆབ་སྲིད་ཚོགས་པ་གང་ལའང་རྒྱལ་ཁ་མེད་པར་གྱུར། ཐོག་མར་གྲོས་མ་མཐུན་ས་ནི། སྤྱི་མཐུན་ཚོགས་པས་ཡོང་སྒོ་ཆུང་བའི་མི་ཚོའི་ཆེད་ཡིན་པ། འཕྲོད་བསྟེན་ལྟ་སྐྱོང་མང་པོ་ཞིག་མེད་པ་བཟོས་ཤིང་། ཕྱི་ནས་ནང་ལ་འཛུལ་བའི་ཁྲིམས་འགལ་མི་དག་ལ་འཕྲོད་བསྟེན་ལྟ་སྐྱོང་སྤྲོད་མི་ཐུབ་ཅེས་བཤད། མང་གཙོ་ཚོགས་པས། འདི་ནི་ཡོང་སྒོ་ཆུང་བའི་ཨ་རི་བ་དག་གི་གཞི་རྩའི་ཐོབ་ཐང་ལ་ཐུག་པའི་གནད་དོན་ཞིག་ཡིན་པ་བཤད། ཡིན་ན་ཡང་། མཐར་འདིའི་སྐོར་ད་ལྟ་བར་གྲོས་གང་ཡང་མ་མཐུན་པའི་སྟེང་། འབྱུང་འགྱུར་ཡང་གྲོས་མཐུན་མིན་ཁ་གསལ་མེད་པར་གྱུར། དེ་ལྟར་ན་དཀའ་ངལ་གཙོ་བོ་སྔར་བཞིན་སེལ་མ་ཐུབ་པ་ཡིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག