Homeརྒྱལ་སྤྱི།བྱང་ཨ་རི། ཨ་རིའི་རླུང་འཕྲིན་ཁང་བསྐྱར་དུ་སྒོ་འབྱེད་རྒྱུར་རྒྱབ་སྐྱོར།

ཨ་རིའི་རླུང་འཕྲིན་ཁང་བསྐྱར་དུ་སྒོ་འབྱེད་རྒྱུར་རྒྱབ་སྐྱོར།

Date:

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གཞུང་གྲོན་སྟངས་འཛིན་ཚོགས་ཆུང་གིས། ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་(USAGM)ལ་འགྲོ་གྲོན་ཨ་སྒོར་ས་ཡ་ $653 ཟུར་འཇོག་བྱ་རྒྱུ་ཐག་བཅད་ཟིན་པ་བཤད།

མདང་དགོང་ཝ་ཤིན་ཀྲོན་ཆ་འཕྲིན་སྟེང་ཐོག་མར་གནས་ཚུལ་བཀོད་པ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གཞུང་གྲོན་སྟངས་འཛིན་ཚོགས་ཆུང་གིས། ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་(USAGM)ལ་འགྲོ་གྲོན་ཨ་སྒོར་ས་ཡ་ $653 ཟུར་འཇོག་བྱ་རྒྱུ་ཐག་བཅད་ཟིན་པ་བཤད།

ཁྲིམས་འཆར་འདི་ལ་གྲོས་ཚོགས་གོང་འོག་གཉིས་དང་། སྲིད་འཛིན་གྱིས་ཆོག་མཆན་སྤྲད་ཚེ། ལོ་སྔོན་མར་སྒོ་བརྒྱབས་ཟིན་པའི་ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ཀྱི་སྐད་ཡིག་སྡེ་ཁག་མང་པོ་བསྐྱར་དུ་འགོ་འཛུགས་ཐུབ་རྒྱུ།

སྔོན་རྩིས་ཀྱི་འཆར་གཞི་ཞིབ་ཕྲ་ནི། ལོ་སྔོན་མ་གཉིས་ལ་ཁྱོན་ཨ་སྒོར་ས་ཡ་ $867 ལོ་རེར་སྤྲད་ཟིན་པ་ལ། ཐེངས་འདིར་ $653 སྤྲད་རྒྱུའི་ཁྲིམས་འཆར་བཏོན། བྱེ་བྲག་ཏུ་བཀར་ན་ལས་ཁུངས་ཨ་མའི་(USAGM)བྱ་འགུལ་གྱི་འགྲོ་གྲོན་ཆེད་ཨ་སྒོར་ས་ཡ་$138 དང་། ཨ་རིའི་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་ $199.5 སྤྲད་རྒྱུ། 

གསར་འགྱུར་སྡེ་ཁག་གཞན། ཡུ་རོབ་རང་དབང་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་ $112.5 ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་ $53.5 ། སྒེར་གཅོད་རྒྱལ་ཁབ་དག་ལ་ཐད་གཏོང་ཐུབ་པ་དང་། དྲྭ་རྒྱའི་བདེ་སྲུང་མཐུན་རྐྱེན་སོགས། འཕྲུལ་རིགས་ཀྱི་ཆེད་ཨ་སྒོར་ས་ཡ་ $40.5 སྤྲད་རྒྱུ་ཚུད་ཡོད་པ་གསལ།

སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས་ཏེ། ལོ་སྔོན་མའི་ཕྱི་ཟླ་ 3 ཚེས་ 14 ཉིན། ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁུངས་གཏོར་རྒྱུ་དང་། བྱ་འགུལ་ཉུང་དུ་གཏོང་དགོས་པའི་བཀའ་བཏང་ཞིང་། ཞོར་དུ་ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ཀྱི་བྱ་འགུལ་ལ་ཚོད་འཛིན་ཤུགས་ཆེན་ཐེབས།

འདི་ནི་ཕྱི་ལོ་ 1942 ལོར་མཇར་མན་ནཱ་ཙེའི་ཆབ་སྲིད་ཁྱབ་སྒྲོག་ལ་འཐབ་ཆེད་བཙུགས་པ། ཨ་རིའི་རླུང་འཕྲིན་ཁང་སྒོ་བརྒྱབས་པ་ཐོག་མ་དང་། དེ་བཞིན་རྗེས་སུ་ཨུ་རུ་སུ་དམར་པོ་དང་། རྒྱ་དམར་སོགས་ལ་འཐབ་ཆེད་བཙུགས་པ་ཨེ་ཤ་ཡ་དང་། ཡུ་རོབ་རླུང་འཕྲིན་ཁང་སོགས་སྒོ་བརྒྱབས་པའམ། ཁྱབ་རྒྱར་ཚོད་འཛིན་ཤུགས་ཆེན་ཐེབས་པ་ཐོག་མ་དེའང་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག