Homeརྒྱལ་སྤྱི།ཨ་མེ་རི་ཀཨ་རིས་གྲུ་གཟིངས་གཉིས་པ་དེ་བཟུང་།

ཨ་རིས་གྲུ་གཟིངས་གཉིས་པ་དེ་བཟུང་།

Date:

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན། ལྷོ་ཨ་མེ་རི་ཀའི་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཐག་ཉེར་ཡོད་པའི་ཨ་རིའི་དམག་དཔུང་གིས། ཁཱ་རེ་བྷེ་ཡན་མཚོའི་ནང་དུ། ཝེ་ནེ་ཛོ་ལའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་ཤིག་བཟུང་།

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན། ལྷོ་ཨ་མེ་རི་ཀའི་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཐག་ཉེར་ཡོད་པའི་ཨ་རིའི་དམག་དཔུང་གིས། ཁཱ་རེ་བྷེ་ཡན་མཚོའི་ནང་དུ། ཝེ་ནེ་ཛོ་ལའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་ཤིག་བཟུང་། ཨེག་སོ་སི་ལྟར་ན་གྲུ་གཟིངས་འདི་ཨ་རིའི་ཉེས་ཆད་འོག་མེད་པ་བཤད།ཡིན་ན་ཡང་། དེའི་རྗེས་སུ་ཕོ་བྲང་དཀར་པོའི་གསལ་བཤད་ལྟར་ན། གྲུ་གཟིངས་འདི་ཉེས་ཆད་འོག་ཚུད་ཡོད་པ་བསྒྲགས།

གྲུ་གཟིངས་འདིའི་ནང་དུ་རྡོ་སྣུམ་ཧ་ཅང་ཕོན་ཆེན་ཡོད་པ་དང་། དེ་དག་རྒྱ་ནག་ཏུ་འདྲེན་བཞིན་པ། རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད།འདི་ནི་ཨ་རིའི་དམག་དཔུང་གིས། ཝེ་ནེ་ཛོ་ལ་དང་འབྲེལ་བའི་གྲུ་གཟིངས་བཟུང་པ་ཐེངས་གཉིས་པ་དེ་གྱུར།

དེ་བཞིན་ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་དམག་དཔུང་གིས། ཕྱོགས་འདིར་གྲུ་གཟིངས་གཞན་ཞིག་འཛིན་ཐབས་བྱས་པ་དང་། དམག་དཔུང་གིས་གྲུ་གཟིངས་དེར་འདུག་དགོས་པའི་ཉེན་བརྡ་བཏང་ཡང་། གྲུ་གཟིངས་དེ་མ་བསྡད་པར། མུ་མཐུད་དུ་རྒྱ་མཚོའི་ནང་དུ་བསྐྱོད་བཞིན་པ་དང་། ཨ་རིའི་དམག་དཔུང་གིས་རྗེས་འདེད་ཀྱིས་འཛིན་ཐབས་བྱེད་བཞིན་པའི་གནས་ཚུལ་ཐོན། ཨ་རིའི་གཞུང་གིས་གནས་ཚུལ་འདི་བདེན་མིན་ད་ལྟ་བར་གཏན་མ་འཁེལ།

རྒྱབ་ལྗོངས། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཝེ་ནེ་ཛོ་ལར་འགྲོ་མཁན་དང་ཝེ་ནེ་ཛོ་ལ་ནས་ཡོང་མཁན་གྱི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས། ཉེས་ཆད་འོག་ཚུད་ཟིན་པ་ཚང་མ་འགྲོ་རུ་མི་འཇུག་རྒྱུའི་བཀའ་བཏང་།ཨ་རི་ལྟར་ན་ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་གཞུང་གིས། རྡོ་སྣུམ་བཙོང་བ་ལས་ཐོབ་པའི་དངུལ་སྒོར་ལོག་སྤྱོད་ཀྱིས། ཉལ་ཐལ་བཟོ་སྐྲུན་དང་དབོར་འདྲེན་སོགས་ནག་ཉེས་ཀྱི་བྱ་སྒྲུབ་བཞིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག