Homeརྒྱལ་སྤྱི།ཨེ་ཤ་ཡ།ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

Date:

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་ཨ་རིའི་ལས་བྱེད་ཚོས་གཏན་འཁེལ།

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)
བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་གཏན་འཁེལ། འཕུར་མདའི་མ་ལག་འདི་ཡུ་ཁུ་རན་གྱིས་གཡུལ་སར་དངོས་སུ་བེད་སྤྱོད་ཀྱིས་ཚོད་ལྟ་བྱས་ཟིན་པ་ཞིག་དང་། བདུན་ཕྲག་འདི་གཅིག་བུར། ཨ་རི་ནས་ཐེ་ཝན་ལ་རིན་ཐང་ཨ་སྒོར་ཐེར་འབུམ་ $1 མ་ཟིན་ཙམ་གྱི་གོ་ལག་གཏོང་བཞིན་པ་ཨ་རིའི་དམག་དཔུང་གིས་གཏན་འཁེལ།

ཨ་རིས་ཐེ་ཝན་གཞུང་འབྲེལ་ངང་རྒྱལ་ཁབ་ཅིག་ཡིན་པ་ཁས་ལེན་མེད་ཀྱང་། ཐེ་ཝན་ལ་གོ་ལག་འཚོང་བ་དེས་དོན་དངོས་སུ། ཐེ་ཝན་དང་འབྲེལ་བའི་ཨ་རིའི་སྲིད་བྱུས་ཀྱི་ཕྱོགས་གཞན་དེ་གསལ་བོར་བསྟན་པ་ཡིན་པས། རྒྱ་ནག་གིས་འདིའི་ཐད་ཁོང་ཁྲོའི་རྣམ་འགྱུར་ཆེན་པོ་སྟོན་རྒྱུ་ནི་འཆར་ཅན་ཞིག་ཏུ་གྱུར།

གསར་གནས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

དཀྱིལ་ཤར་ལ་གཞི་ནས་ཞི་བདེ་བསྐྲུན་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།

ཨེབ་སི་ཀྲེན་གྱི་ཡིག་ཆ་དག་གིས་ཅི་ཞིག་ཕྱིར་གཏོན་ཐུབ་བམ།

གལ་སྲིད་ཡིག་ཆ་འདིའི་ནང་དུ། རྒྱལ་སྲུང་ལ་གནོད་པའི་གནས་ཚུལ་ཡོད་ཚེ་དེ་དག་ཕྱིར་འཐེན་རྒྱུའི་དབང་ཆ་དེ། ཁྲིམས་ལུགས་ལྟ་ཞིབ་དང་ལག་བསྟར་ལྷན་ཁང་གི་དབུ་ཁྲིད། ལྕམ་ཕམ་ བྷོན་སྒྲེ་(Pam Bondi)ཡོད་པ་བཤད།