Homeརྒྱལ་སྤྱི།ཨེ་ཤ་ཡ།ཨ་རིས་ཐེ་ཝན་ལ་གོ་ལག་འཚོང་རྒྱུ་ཐག་ཆོད།

ཨ་རིས་ཐེ་ཝན་ལ་གོ་ལག་འཚོང་རྒྱུ་ཐག་ཆོད།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཐེ་ཝན་ལ་ཨ་རིའི་གོ་ལག་ཨ་སྒོར་ཐེར་འབུམ་ $11.1 གི་རིན་ཐང་འཚོང་རྒྱུའི་ཆོག་མཆན་སྤྲད། འདི་ནི་ཨ་རིས་ཐེ་ཝན་ལ་གོ་ལག་འཚོང་བ་གཞི་རྒྱ་ཆེ་ཤོས་ཤིག་ཏུ་གྱུར།

བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཐེ་ཝན་ལ་ཨ་རིའི་གོ་ལག་ཨ་སྒོར་ཐེར་འབུམ་ $11.1 གི་རིན་ཐང་འཚོང་རྒྱུའི་ཆོག་མཆན་སྤྲད། འདི་ནི་ཨ་རིས་ཐེ་ཝན་ལ་གོ་ལག་འཚོང་བ་གཞི་རྒྱ་ཆེ་ཤོས་ཤིག་ཏུ་གྱུར་ཅིང་། འདིའི་ཁྲོད་ཧེ་མར་སི་འཕུར་མདའི་མ་ལག་དང་མེ་སྒྱོགས། ལྕགས་ཁྲབ་འཁོར་ལོ་གཏོར་བྱེད་རྗ་ཝེ་ལེན་སོགས། གོ་ལག་རིགས་འདྲ་མིན་གྲངས་ 8 འཚོང་བཞིན་པ་གསལ།

ཨ་རིའི་ལས་བྱེད་ཅིག་གིས་ཐེ་ཝན་གྱི་རང་སྲུང་ནུས་པ་ཡར་རྒྱས་གཏོང་རྒྱུ་ནི། ཨ་རིའི་རྒྱལ་སྲུང་དང་ཁེ་ཕན་ལ་ཤིན་ཏུ་གལ་ཆེན་ཡིན་པ་བཤད།
ཟླ་བ་སྔོན་མར་ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིན་ཏི་ཡིས། ཕྱི་ལོ་ 2026 ནས་ཕྱི་ལོ་ 2033 བར་ཐེ་ཝན་གྱི་བདེ་སྲུང་ཆེད། ཨ་སྒོར་ཐེར་འབུམ་ $40 གཏོང་འཆར་ཡོད་པ་བསྒྲགས། ལའེ་ཆིན་ཏི་ཡིས། {རྒྱལ་སྲུང་ལ་ཐུག་དུས་བསྟུན་མཁས་ཟེར་བ་ཞིག་མེད་}ཅེས་མཐའ་ཚིག་བསྒྲགས།

ཨ་རིས་ཐེ་ཝན་ལ་གོ་ལག་འཚོང་རྒྱུའི་ཐག་གཅོད་ཀྱི་ཐད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། འདིས་ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གནོད་པ་ཚབས་ཆེན་བསྐྱལ་རྒྱུ་དང་། གོ་ལག་བཙོང་ནས་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དེས། ཨ་རིས་རང་གི་སྟེང་ལ་མེ་བླུག་བཞིན་པ་རེད། ཐེ་ཝན་བེད་སྤྱོད་ཀྱིས་ཀྲུང་གོའི་ནུས་པ་ཚོད་འཛིན་བྱ་རྒྱུ་ཡིན་ཟེར་ན་ཕམ་རྒྱུ་ཉག་གཅིག་རེད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག