Homeརྒྱལ་སྤྱི།དཀྱིལ་ཤར།ཨ་རིས་ཨེ་རན་གཞུང་ལ་ཉེན་བརྡ།

ཨ་རིས་ཨེ་རན་གཞུང་ལ་ཉེན་བརྡ།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གལ་སྲིད་ཨེ་རན་གཞུང་གིས། ཞི་བའི་ངོ་རྒོལ་བ་ཚོའི་སྟེང་མེ་མདའ་འཕངས་ཤིང་། དྲག་རྩུབ་ཀྱིས་བསད་ཚེ་ཨ་རི་ཞི་རྒོལ་བ་ཚོ་བསྐྱབ་ཏུ་ཡོང་རྒྱུ་ཡིན། ང་ཚོས་ཨེ་རན་གྱི་སྟེང་དྲག་རྒོལ་བྱ་རྒྱུའི་གྲ་སྒྲིག་གྲུབ་ཟིན་ཅེས་ཉེན་བརྡ་བཏང་།

གཟའ་ཉི་མ་ནས། དངུལ་སྒོར་གྱི་རིན་ཐང་ཆག་པ་དང་ཚོག་ཟོག་གི་རིན་གོང་བརྒྱ་ཆ་ 40% ལ་འཕར་རྐྱེན། ཨེ་རན་གྱི་རྒྱལ་ས་ཐེ་རན་དུ་ཚོང་པ་ཚོས་འགོ་བཙུགས་ཤིང་། ད་ལྟ་རྒྱལ་ཡོངས་སུ་ཁྱབ་པའི་ངོ་རྒོལ་ཆེན་པོ་ཞིག་བྱས། ཁ་སང་བདེ་སྲུང་མི་སྣ་དང་ངོ་རྒོལ་བའི་བར་གདོང་ཐུག་ཁྲོད། ཉུང་མཐར་མི་ 6 བསད་ཟིན་པ་དང་། ཨེ་རན་གྱི་བདེ་སྲུང་མི་སྣར་འཆི་སྐྱོན་བྱུང་ཟིན་པ། ཨེ་རན་གཞུང་གིས་བསྒྲགས།

ད་ལྟ་ངོ་རྒོལ་འདི་དཔལ་འབྱོར་ཙམ་ལས་བརྒལ་ཅིང་། ད་ལྟའི་ཨེ་རན་གྱི་དབང་འཛིན་པ། ཁ་ཆེ་ཆོས་དཔོན་ཚོ་མེད་པ་བཟོ་རྒྱུའི་ངོ་རྒོལ་ཞིག་ཏུ་གྱུར། ཨེ་རན་གྱི་སྲིད་འཛིན་གྱིས། ང་ཚོས་མི་དམངས་ཀྱི་དཀའ་ངལ་འདི་སེལ་མ་ཐུབ་ཚེ། ང་ཚོ་ཚང་མ་དམྱལ་བར་འགྲོ་རྒྱུ་རེད་ཅེས་ནང་ཁུལ་དུ་ཉེན་བརྡ་བཏང་། ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། ཨེ་རན་གྱི་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་བསྒྲགས།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གལ་སྲིད་ཨེ་རན་གཞུང་གིས། རང་གི་འགྲོ་སྲོལ་ལྟར་ཞི་བའི་ངོ་རྒོལ་བ་ཚོའི་སྟེང་མེ་མདའ་འཕངས་ཤིང་། དྲག་རྩུབ་ཀྱིས་བསད་ཚེ་ཨ་རི་ཞི་རྒོལ་བ་ཚོ་བསྐྱབ་ཏུ་ཡོང་རྒྱུ་ཡིན། ང་ཚོས་ཨེ་རན་གྱི་སྟེང་དྲག་རྒོལ་བྱ་རྒྱུའི་གྲ་སྒྲིག་གྲུབ་ཟིན་ཅེས་ཉེན་བརྡ་བཏང་། སྔར་ཨེ་རན་གྱིས་ངོ་རྒོལ་བ་ཚོར་དྲག་གནོན་ཚབས་ཆེན་བྱེད་སྲོལ་ཡོད་ནའང་། ཐེངས་འདིར་གཞུང་གིས་ངོ་རྒོལ་བ་ཚོའི་དགོས་འདུན་ལ་ཉན་འདོད་ཡོད་པའི་རྣམ་འགྱུར་བསྟན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག