Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་གྱི་ངོ་རྒོལ་ཁྲོད་མི་ 35 བསད་ཟིན་པ་བཤད།

ཨེ་རན་གྱི་ངོ་རྒོལ་ཁྲོད་མི་ 35 བསད་ཟིན་པ་བཤད།

Date:

ཨ་རིས་ཨེ་རན་གྱི་སྟེང་ཐེ་བྱུས་བྱ་རྒྱུར་བསམ་བློ་གཏོང་བཞིན་པའི་གནས་ཚུལ་ཐོན། དེ་དང་ལྷན་ཨེ་རན་གཞུང་གིས་ངོ་རྒོལ་བ་དག་གི་ལས་ནས་འཕྲོག་པའི་གོ་ལག་ཡིན་པར་བཤད་པའི་བརྙན་ཞིག་ཀྱང་ཕྱིར་བཀྲམས།

ཨེ་རན་གྱི་རྒྱལ་ས་ཐེ་རན་གཙོས་ས་ཁུལ་མང་པོར་གཞུང་ལ་ངོ་རྒོལ་གྱིས། ད་ལྟ་བདུན་ཕྲག་གཉིས་པའི་ནང་སླེབས་ཟིན་པ་དང་། ས་ཁུལ་འགའ་ཤས་སུ་དྲག་ཟིང་ཡང་འབྱུང་བཞིན་པའི་གནས་ཚུལ་ཐོན་ཅིང་། ད་ལྟ་བར་ངོ་རྒོལ་འདིའི་ཁྲོད་མི་ 35 རྐྱེན་འདས་སུ་ཕྱིན་ཟིན་པ་དང་། གཞན་མི་ 1,200 བདེ་སྲུང་མི་སྣས་བཟུང་ཟིན་པའི་གནས་ཚུལ་ཐོན། རྐྱེན་འདས་སུ་ཕྱིན་ཟིན་པ་དག་གི་ཁྲོད་དུ་བྱིས་པ་ 4 ཚུད་པའི་ངོ་རྒོལ་བ་ 29 དང་། བདེ་སྲུང་མི་སྣ་ 2 བཅས་ཡོད་པ་ཨ་རིར་རྟེན་གཞི་བྱེད་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་ཞིག་གིས་བསྒྲགས།

སྒྲོ་ནལ་ཁྲི་རམ་ཕུས་ཨེ་རན་ལ་ཉེན་བརྡ་གཏོང་བཞིན་པ་ལྟར། ཝེ་ནེ་ཛོ་ལའི་མཱ་རྡུ་རོའི་རྗེས་སུ། ཨ་རིས་ཨེ་རན་གྱི་སྟེང་གཏོར་རྒོལ་བྱ་སྲིད་པར་ཨེ་རན་གཞུང་གིས་འཇིགས་སྣང་བྱེད་བཞིན་པ། ཨེ་རན་གྱི་ལས་བྱེད་ཚོས་རོའུ་ཀྲར་གསར་ཤོག་ལ་བཤད། ཨེ་ཛི་རལ་གྱི་རྗུར་སི་ལམ་ཆ་འཕྲིན་(Jerusalem Post)སྟེང་གནས་ཚུལ་བཀོད་པ་ལྟར་ན། ཨ་རིས་ཨེ་རན་གྱི་སྟེང་ཐེ་བྱུས་བྱ་རྒྱུར་བསམ་བློ་གཏོང་བཞིན་པ་བཤད། དེ་དང་ལྷན་ཨེ་རན་གཞུང་གིས་ངོ་རྒོལ་བ་དག་གི་ལས་ནས་འཕྲོག་པའི་གོ་ལག་ཡིན་པར་བཤད་པའི་བརྙན་ཞིག་ཀྱང་ཕྱིར་བཀྲམས།

སྒྲོ་ནལ་ཁྲི་རམ་ཕུའི་གྲོགས་པོ་དང་། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི། ལིན་ཛེ་གྷི་རམ་གྱིས་སྟེང་དུ་{ཨེ་རན་ཡང་བསྐྱར་རླབས་ཆེན་བཟོ་}ཞེས་བྲིས་ཡོད་པའི་ཞྭ་མོ་ནག་པོ་ཞིག་གྱོན་ཅིང་། ཕྱི་ལོ་ 2026 ལོ་འདི་ནི་ང་ཚོས་ཨེ་རན་ཡང་བསྐྱར་རླབས་ཆེན་བཟོ་བའི་ལོ་དེ་ཡིན་པ་ངས་སྨོན་ལམ་འདེབས་བཞིན་ཡོད་ཅེས་བཤད། དེའི་རྗེས་སུ་ཁོ་དང་སྒྲོ་ནལ་ཁྲི་རམ་ཕུ་མཉམ་དུ་ཡོད་པ་ལ། སྒྲོ་ནལ་ཁྲི་རམ་ཕུའི་ལག་ཏུ་ཞྭ་མོ་དེ་བཟུང་ཡོད་པའི་པར་ཞིག་ཀྱང་ཁོས་ཕྱིར་བཀྲམས།

•. ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས། ཉེ་དུས་ནས་འབྱུང་བཞིན་པའི་གནས་ཚུལ་གྱི་རྐྱེན་པས། དགོས་པ་མེད་པར་རྒྱ་གར་གྱི་མི་སེར་དག་ཨེ་རན་དུ་མི་འགྲོ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བསྒྲགས། ད་དུང་ཡིག་ཆ་དེའི་ནང་དུ། ཨེ་རན་དུ་ཡོད་པའི་རྒྱ་གར་གྱི་མི་སེར་དག་མི་ཚོགས་འདུ་ས་སོགས་སུ་འགྲོ་རྒྱུ་འཛེམས་དགོས་པ་དང་། དེར་ཡོད་པའི་རྒྱ་གར་གྱི་མི་དག་གིས། རྒྱ་གར་གཞུང་ཚབ་ཁང་ལ་རང་ཉིད་ཐོ་འགོད་བྱ་རྒྱུར་སློབ་སྟོན་བྱེད་བཞིན་ཡོད་ཅེས་བྲིས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག