Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་གྱི་ཉིང་རྡུལ་ཡོ་ཆས་ཚང་མ་མེད་པ་བཟོ་དགོས།

ཨེ་རན་གྱི་ཉིང་རྡུལ་ཡོ་ཆས་ཚང་མ་མེད་པ་བཟོ་དགོས།

Date:

ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། ཨེ་རན་གྱིས་རང་གི་ཉིང་རྡུལ་རྫས་སྦྱོར་དག་ཡོངས་སུ་མེད་པ་བཟོ་དགོས་ཞེས་བསྒྲགས། འདི་ནི་ཨེ་རན་གྱིས་ཁས་ལེན་མི་སྲིད་པས། སླར་ཡང་ཨེ་ཛི་རལ་དང་ཨེ་རན་གྱི་འབྲེལ་བ་ཉེན་ཁར་ཕྱོགས།

བདུན་ཕྲག་འདིར་ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཨ་རིར་སླེབས་ཤིང་། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག ནེ་ཏན་ཡ་ཧུ་ཡིས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཨེ་རན་གྱིས་ཡང་བསྐྱར་ཉིང་རྡུལ་རྫས་སྦྱོར་དང་། ཐག་རིང་སྙོབས་པའི་བྷ་ལི་སི་ཀྲི་ཁི་འཕུར་མདའ་བཟོ་བཞིན་པ་བཤད་ཟིན་པ་གསལ། གཟའ་ལྷག་པའི་ཉིན་ནེ་ཏན་ཡ་ཧུ་ཡིས། ཨེ་རན་གྱིས་རང་གི་ཉིང་རྡུལ་རྫས་སྦྱོར་དག་ཡོངས་སུ་མེད་པ་བཟོ་དགོས་ཞེས་བསྒྲགས། འདི་ནི་ཨེ་རན་གྱིས་ཁས་ལེན་མི་སྲིད་པས། སླར་ཡང་ཨེ་ཛི་རལ་དང་ཨེ་རན་གྱི་འབྲེལ་བ་ཉེན་ཁར་ཕྱོགས།

དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་ཛི་རལ་དང་དེའི་ཁྱིམ་མཚེས་སེ་རི་ཡའི་བར་འབྲེལ་བ་ཡག་ཏུ་གཏོང་རྒྱུར་འབད་པ་བྱེད་བཞིན་པ་དང་། ཨ་རིས་སེ་རི་ཡའི་སྟེང་བཀལ་ཟིན་པའི་ཉེས་ཆད་མང་པོ་ཕྱིར་འཐེན། སེ་རི་ཡའི་གཞུང་བརྗེས་ཟིན་ནའང་། ཨེ་ཛི་རལ་གྱིས་སྔར་བཞིན་སེ་རི་ཡར་དོགས་ཟོན་གྱི་སྲིད་བྱུས་ཤིག་བཟུང་ཡོད་པ་གསལ། ཡིན་ན་ཡང་། ཁ་སང་ནེ་ཏན་ཡ་ཧུ་ཡིས། ད་ལྟའི་སེ་རི་ཡའི་དམག་མི་བརྒྱ་ཆ་ཕྱེད་ཀ་ཁ་ཆེ་ཐལ་མཐའ་རིང་ལུགས་པ་རེད། ང་ཚོས་སེ་རི་ཡ་དང་འབྲེལ་བ་སྔར་དང་མ་འདྲ་ཞིག་འཛིན་ཐུབ་མིན་ལྟ་ཆོག་ཅེས་བཤད།

ཚེས་ 30 ཉིན་སོ་ཐེ་ཨ་རབ་བྷེ་ཡ་རྒྱལ་ཁབ་ཀྱིས་འགོ་འཁྲིད་པའི་མཉམ་འབྲེལ་དམག་དཔུང་ཞིག་གིས། ཡེ་མན་གྱི་ལྷོ་ཕྱོགས་སུ་ཡོད་པའི་མུ་ཀ་ལ་གྲུ་ཁ་(Mukala Port)ཞེས་པར་མཁའ་ཐོག་ནས་གཏོར་རྒོལ་བྱས། སོ་ཐེ་ཨ་རབ་བྷེ་ཡ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན། ཆོག་མཆན་མེད་པར་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་ནས། གྲུ་ཁ་འདིར་གྲུ་གཟིངས་ 2 སླེབས་ཟིན་པ་དང་། དེ་དག་གི་ནང་དུ་གོ་ལག་ཡོད་པ་ལ། གོ་ལག་དེ་དག་ཡེ་མན་གྱི་ལྷོ་ཕྱོགས་ས་ཁུལ་ངེས་ཅན་ཞིག་བཟུང་ཡོད་པ། ཁ་ཆེ་དམག་དཔུང་(STC)ཞེས་པར་སྤྲོད་ཆེད་ཡིན་པ་བཤད།

སོ་ཐེ་ཨ་རབ་བྷེ་ཡ་ཡིས། ཡེ་མན་དུ་ཡོད་པའི་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་གྱི་དམག་མི་དག འབྱུང་འགྱུར་ཆུ་ཚོད་ 24 ནང་ཕྱིར་འཐེན་དགོས་པའི་ཉེན་བརྡ་བཏང་ཟིན་པ་ལྟར། ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་གྱིས། ཡེ་མན་དུ་ཡོད་པའི་རང་གི་དམག་དཔུང་དག་ཕྱིར་འཐེན་ཟིན་པའི་གནས་ཚུལ་ཐོན། ཡེ་མན་གྱི་རྒྱལ་ས་སཱ་ན་གཙོས་གྲོང་ཁྱེར་ཆེ་ཁག་དང་། མི་གྲངས་བརྒྱ་ཆ་ 70% མ་ཟིན་ཙམ། ཧུ་ཏེ་དྲག་དཔུང་གིས་བཟུང་ཡོད་པ་དང་། རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ཡེ་མན་གཞུང་གིས། ས་ཆ་ཆེན་པོ་ཞིག་བཟུང་ཡོད་ཀྱང་མི་གྲངས་ཉུང་ངུ་ཞིག་ལས་བཟུང་མེད་པ་གསལ། དེ་བཞིན་སྟོབས་ཤུགས་གཞན་དག་གིས་ས་ཆ་གཞན་དག་བཟུང་ཡོད་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག