Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་ལ་ཡང་བསྐྱར་ཉེན་བརྡ། 

ཨེ་རན་ལ་ཡང་བསྐྱར་ཉེན་བརྡ། 

Date:

མདང་དགོང་ཨ་རིའི་དམག་དོན་མཁོ་ཆས་སྐྱེལ་བའི་གནམ་གྲུ་ C-17 གྲངས་ 12 ། དབྱིན་ཇིའི་གནམ་ཐང་(RAF Fairford)ལ་སླེབས་ཟིན་པ་དང་། དེ་དག་ལས་འགའ་ཤས་ཤིག་དེ་རིང་དཀྱིལ་ཤར་དུ་འཕུར་བཞིན་པའི་གནས་ཚུལ་ཐོན།

ཟླ་བ་སྔོན་མའི་ཚེས་ 28 ཉིན་ནས། ཨེ་རན་གྱི་རྒྱལ་ས་ཐེ་རན་གཙོས།ས་ཁུལ་མང་པོར་མི་དམངས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཤིང་། ངོ་རྒོལ་མུ་མཐུད་དུ་བྱུང་ནས་ཉིན་དགུ་བ་དེ་འགྲོ་བཞིན་པ་དང་། ཨེ་རན་གྱི་ས་ཁུལ་ 31 ནས་ 26 ལ་ངོ་རྒོལ་གྱིས་ཁྱབ། ད་ལྟ་བར་བདེ་སྲུང་མི་སྣ་ཞིག་དང་། ངོ་རྒོལ་བ་ 19 རྐྱེན་འདས་སུ་ཕྱིན་ཟིན་པའི་གནས་ཚུལ་ཐོན། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གལ་སྲིད་ཨེ་རན་གཞུང་གིས། མུ་མཐུད་དུ་ངོ་རྒོལ་བ་དག་བསད་ཚེ། ཨ་རིས་ཨེ་རན་གྱི་སྟེང་གཏོར་རྒོལ་བྱ་རྒྱུ་ཡིན་པའི་ཉེན་བརྡ་ཡང་བསྐྱར་བཏང་།

མདང་དགོང་ཨ་རིའི་དམག་དོན་མཁོ་ཆས་སྐྱེལ་བའི་གནམ་གྲུ་ C-17 གྲངས་ 12 ། དབྱིན་ཇིའི་གནམ་ཐང་(RAF Fairford)ལ་སླེབས་ཟིན་པ་དང་། དེ་དག་ལས་འགའ་ཤས་ཤིག་དེ་རིང་དཀྱིལ་ཤར་དུ་འཕུར་བཞིན་པའི་གནས་ཚུལ་ཐོན། ཨེ་ཛི་རལ་གྱི་བདེ་འཇགས་ལྷན་ཁང་གིས་ཚོགས་འདུ་ཞིག་ཚོགས་བཞིན་པ་དང་། བརྗོད་གཞི་གཙོ་བོ་ནི་ཨེ་རན་ཡིན་པ་བཤད། གལ་སྲིད་ཨེ་རན་དུ་སྲིད་འགྱུར་བྱུང་ཚེ། ཨེ་རན་གྱི་ཆེས་མཐོའི་ཆོས་དཔོན་དང་། དབུ་ཁྲིད་ཨ་ཡ་ཏུ་ལ་རཱ་ཤི་ཡའི་རྒྱལ་སར་འབྲོ་སྲིད་པ་ཚོད་དཔག་བྱེད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག