གལ་སྲིད་ཡིག་ཆ་འདིའི་ནང་དུ། རྒྱལ་སྲུང་ལ་གནོད་པའི་གནས་ཚུལ་ཡོད་ཚེ་དེ་དག་ཕྱིར་འཐེན་རྒྱུའི་དབང་ཆ་དེ། ཁྲིམས་ལུགས་ལྟ་ཞིབ་དང་ལག་བསྟར་ལྷན་ཁང་གི་དབུ་ཁྲིད། ལྕམ་ཕམ་ བྷོན་སྒྲེ་(Pam Bondi)ཡོད་པ་བཤད།
ཨ་རིའི་ཁ་སང་གཟའ་མིག་དམར་ཉིན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཞིབ་འཇུག་ཡིག་ཆ་ཚང་མ་ཕྱིར་འདོན་རྒྱུར་རྒྱབ་སྐྱོར་བྱས་ཟིན་པ་ལྟར། གལ་སྲིད་ཡིག་ཆ་འདིའི་ནང་དུ། རྒྱལ་སྲུང་ལ་གནོད་པའི་གནས་ཚུལ་ཡོད་ཚེ་དེ་དག་ཕྱིར་འཐེན་རྒྱུའི་དབང་ཆ་དེ། ཁྲིམས་ལུགས་ལྟ་ཞིབ་དང་ལག་བསྟར་ལྷན་ཁང་གི་དབུ་ཁྲིད། ལྕམ་ཕམ་ བྷོན་སྒྲེ་(Pam Bondi)ཡོད་པ་བཤད།
བུད་མེད་འདི་ནི་སྒྲོ་ནལ་ཁྲི་རམ་ཕུའི་འོག་ཏུ་ཡོད་པས། ད་ལྟ་ཡིག་ཆ་ཚང་མ་ཕྱིར་བཏོན་ནའང་། གནད་དོན་ཆེན་པོ་ཞིག་གསལ་བོར་ཆགས་རྒྱུ་ཡོད་དམ་ཞེས་མི་མང་པོས་དོགས་པ་བྱེད། དེ་དང་ལྷན་རོའུ་ཀྲར་གསར་ཤོག་གིས། ཨ་རིའི་མི་དམངས་ཁྲོད་འདྲི་ཞིབ་བྱས་པར། སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚད་དེ་བརྒྱ་ཆ་ 38% ལ་ལྷུང་།
འདི་ནི་ཁོ་སྲིད་སྟེགས་སུ་སླེབས་རྗེས་སུ་མི་དམངས་ཀྱི་རྒྱབ་སྐྱོར་ཚད་དམའ་ཤོས་དེ་ཡིན་པ་བཤད།
སྤྱིར་གསར་ཁང་དག་གིས་བསམ་ཚུལ་བསྡུས་པ་འདིས། ཨ་རིའི་མི་དམངས་ཚང་མའི་བསམ་ཚུལ་མཚོན་མི་ཐུབ་ནའང་། མང་གཙོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ཁྲོད་འདི་ནི་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ལ། འདིས་ཆབ་སྲིད་ཀྱི་ཁ་དབུགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
