Homeརྒྱལ་སྤྱི།ཨེ་ཤ་ཡ།ཀེམ་གྱིས་གོ་ལག་ལ་ལྟ་ཞིབ།

ཀེམ་གྱིས་གོ་ལག་ལ་ལྟ་ཞིབ།

Date:

ཀེམ་དང་ཁོའི་བུ་མོ་གཉིས་ཀྱིས། ད་ལྟ་བཟོ་སྐྲུན་གྱི་བརྒྱུད་རིམ་དུ་ཡོད་པ། བྱང་ཀོ་རེ་ཡའི་ཉིང་རྡུལ་གྱི་ནུས་པར་བརྟེན་པའི་མཚོ་འོག་གྲུ་གཟིངས་ལ་ལྟ་ཞིབ་བྱེད་བཞིན་པ་ཡིན་ཞེས་པར་སྐོར་ཞིག་ཀྱང་བཀྲམས།

ཁ་སང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གྱིས། གོ་ལག་དང་དམག་དོན་བཟོ་གྲྭར་ཞིབ་བཤེར་བྱེད་བཞིན་པའི་པར་སྐོར་ཞིག་གཞུང་འབྲེལ་ངང་ཕྱིར་བཀྲམས། འབྱུང་འགྱུར་ལོ་ངོ་ 5 ཡི་རིང་མུ་མཐུད་དུ་འཕུར་མདའ་བཟོ་སྐྲུན་ཡར་རྒྱས་གཏོང་རྒྱུ་ཡིན་པའི་བརྡ་བཏང་། ཀེམ་ཇོང་ཨུན་གྱིས། དམག་འཁྲུག་སྔོན་འགོག་ཆེད་འཕུར་མདའ་དང་། སྒྱོགས་མདེལ་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་རེད་ཅེས་བཤད་ཟིན་པ། གཞུང་འབྲེལ་གསར་ཁང་གིས་བསྒྲགས།

ཀེམ་ཇོང་ཨུན་གྱིས། རྒྱལ་ཁབ་ཀྱི་སྒྱོགས་མདེལ་དེང་རབས་ཅན་དུ་སྒྱུར་ཕྱོགས་དང་འབྲེལ། འཆར་གཞི་ཡིག་ཆའི་རག་ཟིན་ཞིག་ལོ་རྗེས་མའི་ལོ་འགོར་ཚོགས་རྒྱུ་ཡིན་པ། དམར་ཤོག་ཚོགས་པའི་ཚོགས་ཆེན་སྟེང་འཁྱེར་ཡོང་རྒྱུ་ཡིན་པ་གསལ། དེ་མ་ཟད་ཀེམ་དང་ཁོའི་བུ་མོ་གཉིས་ཀྱིས། ད་ལྟ་བཟོ་སྐྲུན་གྱི་བརྒྱུད་རིམ་དུ་ཡོད་པ། བྱང་ཀོ་རེ་ཡའི་ཉིང་རྡུལ་གྱི་ནུས་པར་བརྟེན་པའི་མཚོ་འོག་གྲུ་གཟིངས་ལ་ལྟ་ཞིབ་བྱེད་བཞིན་པ་ཡིན་ཞེས་པར་སྐོར་ཞིག་ཀྱང་བཀྲམས། དེ་ལྟར་ན་འདི་ནི་བྱང་ཀོ་རེ་ཡའི་ཉིང་རྡུལ་གྱི་ནུས་པར་བརྟེན་པའི་མཚོ་འོག་གྲུ་གཟིངས་ཐོག་མ་དེ་འགྱུར་དགོས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག