Homeདཔལ་འབྱོར།འཕྲུལ་རིགཀྲིག་ཀྲོག་གི་བརྒྱ་ཆ་ཕལ་ཆེ་བ་ཨ་རིར་འཚོང་རྒྱུ།

ཀྲིག་ཀྲོག་གི་བརྒྱ་ཆ་ཕལ་ཆེ་བ་ཨ་རིར་འཚོང་རྒྱུ།

Date:

རྒྱ་ནག་གི་བརྙན་བཟོ་ཉེན་ཆས་ཀྲིག་ཀྲོག་གི་ཁེ་གཉེར་མ་ཡིས། ཉེན་ཆས་འདིའི་མ་ཤེར་བརྒྱ་ཆ་ 19.9% ཁོ་ཚོ་རང་གིས་འཛིན་རྒྱུ་དང་། མ་ཤེར་ལྷག་མ་བརྒྱ་ཆ་ 80.1% ཨ་རི་སོགས་རྒྱལ་སྤྱིའི་ཁེ་གཉེར་དག་ལ་འཚོང་རྒྱུ་མོས་མཐུན་བྱས། 

རྒྱ་ནག་གི་བརྙན་བཟོ་ཉེན་ཆས་ཀྲིག་ཀྲོག་གི་ཁེ་གཉེར་མ་(ByteDance)ཡིས། ཉེན་ཆས་འདིའི་མ་ཤེར་བརྒྱ་ཆ་ 19.9% ཁོ་ཚོ་རང་གིས་འཛིན་རྒྱུ་དང་། མ་ཤེར་ལྷག་མ་བརྒྱ་ཆ་ 80.1% དེ་ཨ་རིའི་འཕྲུལ་རིག་ཁེ་གཉེར་ཆེན་མོ། ཨོ་རི་ཀལ་(Oracle)སོགས་ཨ་རི་དང་རྒྱལ་སྤྱིའི་ཁེ་གཉེར་མཉམ་འབྲེལ་ཞིག་ལ་འཚོང་རྒྱུ་ཡིན་པ་མོས་མཐུན་བྱས། ཐག་གཅོད་འདི་དང་འབྲེལ་བའི་མཐའ་མའི་ཡིག་ཆ་དེ་ཕྱིར་མ་བཀྲམས། དེ་ལྟར་ན་ཉེན་ཆས་འདི་མུ་མཐུད་ཨ་རིའི་རྒྱལ་ནང་དུ་བེད་སྤྱོད་བྱེད་ཆོག་པར་གྱུར་ཟིན་པ་ཡིན།

གནས་ཚུལ་འདིའི་བྱུང་རིམ་ནི། རྒྱ་ནག་གིས་ཨ་རིའི་མི་སེར་ཚོའི་ལག་ཏུ་ཡོད་པའི་ཁ་པར་ནང་གི་ཉེན་ཆས་སོགས་བརྒྱུད་ནས། གསང་བའི་གནས་ཚུལ་སྡུད་བཞིན་པའི་གནས་ཚུལ་ཞིག་སྔར་ནས་ཡོད་པ་དང་། ཉེན་ཆས་དེ་དག་གི་ཁྲོད་བརྙན་བཟོ་ཉེན་ཆས་ཀྲིག་ཀྲོག་(TikTok)
ཀྱང་ཚུད། ཕྱི་ལོ་ 2019 ལོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཉེན་ཆས་འདི་འགོག་ཐབས་བྱས་པར་ལམ་ལྷོང་མ་བྱུང་། དེའི་རྗེས་སུ་གྲོས་ཚོགས་སུ་འོས་བསྡུ་བརྒྱུད། ཉེན་ཆས་འདི་འགོག་རྒྱུ་ཐག་བཅད་ཅིང་སྲིད་འཛིན་སྔོན་མ་བྷ་ཀྲན་གྱིས་མིང་རྟགས་བཀོད།

ད་ལོར་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་པ་དང་། བྷ་ཀྲན་གྱི་ཐག་གཅོད་འདི་རེ་ཞིག་ཕར་འགྱངས་བྱས་ཤིང་། ཉེན་ཆས་འདི་གཏན་དུ་བཀག་པ་ལས། ཨ་རིའི་ཁེ་གཉེར་ཞིག་གིས་ཉོས་ན་ཡག་པོ་ཡོད་པ་བཤད། ད་དུང་ཁོས། ཉེན་ཆས་འདི་བརྒྱུད་ནས་འོས་བསྡུའི་སྐབས་སུ་ང་ལ་ན་གཞོན་མང་པོའི་རྒྱབ་སྐྱོར་ཐོབ་སོང་ཞེས་ཀྱང་བཤད། ཨ་རིའི་རྒྱལ་ནང་དུ་ཉེན་ཆས་འདི་བེད་སྤྱོད་བྱེད་མཁན་ས་ཡ་ 170 ལས་མང་བ་ཡོད་པ་ཚོད་དཔག་བྱས་ཤིང་། ཉེན་ཆས་འདི་ནི་ཨ་རིའི་ནང་སྲིད་མ་ཟད། ཨ་རྒྱའི་བར་གྱི་གནད་དོན་ཞིག་ཏུ་གྱུར་ཅིང་། ད་ལོར་སྒྲོ་ནལ་ཁྲི་རམ་ཕུ་དང་ཞེ་ཅེན་ཕིན་གཉིས་ཐུག་སྐབས་ཀྱང་འདིའི་སྐོར་གླེང་།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག