སྒྲོ་ནལ་ཁྲི་རམ་ཕུས། ང་རང་ཨེབ་སི་ཀྲེན་གྱི་གླིང་ཕྲན་སྟེང་གཅིག་ཀྱང་འགྲོ་མ་མྱོང་། ཁི་ལེན་ཀྲོན་ཐེངས་ 28 ལ་ཕྱིན་པ་རེད་ཅེས། སྲིད་འཛིན་ཟུར་བ་ཁི་ལེན་ཀྲོན་ལ་ཞིབ་འཇུག་བྱ་དགོས་པ་བཤད།
བདུན་ཕྲག་འདིའི་ནང་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ཚོས།ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་ཡིག་ཆ་གསར་བ་མང་པོ་ཞིག་ཕྱིར་བཏོན་ཟིན་ཅིང་། དེའི་ནང་དུ་སྒྲོ་ནལ་ཁྲི་རམ་ཕུའི་མིང་ཐེངས་འགར་ཐོན་པ་མ་ཟད། སྒྲོ་ནལ་ཁྲི་རམ་ཕུ་བུ་མོ་ཞིག་དང་ལྷན་བསྡད་ཟིན་པ་དང་། སྒྲོ་ནལ་ཁྲི་རམ་ཕུས་ནག་ཅན་ཨེ་སི་ཀྲེན་གྱིས་ལས་ཀ་ཅི་ཞིག་བྱེད་བཞིན་པ་ཤེས་ཚུལ་གྱི་གནས་ཚུལ་བཀོད་ཡོད་པ་ལྟར། ད་ལྟ་ཡིག་ཆ་ཚང་མ་ཕྱིར་འདོན་དགོས་ཞེས། སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ཁྲོད་ནས་སྐད་རྒྱག་མཁན་མང་དུ་ཕྱིན།
དེ་ལ་བརྟེན་ནས་སྒྲོ་ནལ་ཁྲི་རམ་ཕུ་དང་། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོའི་གྲས་གྲོས་ཚོགས་འཐུས་མི། བུད་མེད་ཀྲེ་ལོར་གྷི་རེ་ནེ་(Taylor Greene)དང་སྒྲོ་ནལ་ཁྲི་རམ་ཕུ་བར་འགལ་ཟླ་ཤོར། སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་ནས་ངས་བུད་མེད་འདི་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་ཡི་གེ་རིང་པོ་ཞིག་སྤེལ། སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་བུད་མེད་འདི་ལ་འགྱུར་བ་ཕྱིན་འདུག་ཅེས་བཤད། དེ་དང་ལྷན་ཁོས། ང་རང་ཨེབ་སི་ཀྲེན་གྱི་གླིང་ཕྲན་སྟེང་གཅིག་ཀྱང་འགྲོ་མ་མྱོང་། ཁི་ལེན་ཀྲོན་ཐེངས་ 28 ལ་ཕྱིན་པ་རེད་ཅེས། སྲིད་འཛིན་ཟུར་བ་ཁི་ལེན་ཀྲོན་ལ་ཞིབ་འཇུག་བྱ་དགོས་པ་བཤད།
གཞན་ཡང་ཡིག་ཆ་འདིའི་ནང་དུ། ཕྱི་ལོ་ 2018 ཟླ་ 8 ནང་སྒྲོ་ནལ་ཁྲི་རམ་ཕུའི་སློབ་སྟོན་པ་ཟུར་བ། སི་ཀྲེ་ཝི་ བྷེན་ནོན་གྱིས། ཨེབ་སི་ཀྲེན་རང་གི་རྒྱབ་ལོགས་ཀྱི་སློབ་སྟོན་པའི་ཚུལ་དུ་བཟུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་བཤད། སི་ཀྲེ་ཝི་བྷན་ནོན་ནི་ད་ལྟ་བར་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་ཚང་མ་ཕྱིར་འདོན་དགོས་པ་ཤོད་མཁན་གཙོ་བོ་ཞིག་ཡིན། བདུན་ཕྲག་རྗེས་མར་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་ཚང་མ་ཕྱིར་འདོན་མིན་ཐད། གྲོས་ཚོགས་སུ་འོས་བླུག་རྒྱུ་ཡིན་པ་ཚོགས་གཙོ་མའེ་ཀི་རྗོན་སོན་གྱིས་བཤད་ཟིན།
