Homeརྒྱལ་སྤྱི།ཨེ་ཤ་ཡ།ཁྱེད་རང་ཤི་ཟིན་པ་ཡིན་ནམ།

ཁྱེད་རང་ཤི་ཟིན་པ་ཡིན་ནམ།

Date:

མིང་ལ་ཁྱེད་རང་ཤི་ཟིན་པ་ཡིན་ནམ་ཞེས་པའི་ཁ་པར་མཉེན་ཆས་ཤིག་རྒྱ་ནག་ཏུ་འཕབ་ལེན་བྱེད་གྲངས་ཤུགས་ཆེན་འཕར། འདིས་རྒྱ་ནག་ཏུ་ཁེར་རྐྱང་དུ་ལྷག་མཁན་གྱི་མི་འབོར་གྲངས་འཕར་བཞིན་པ་བསྟན།

ལོ་སྔོན་མའི་ཕྱི་ཟླ་ 6 ནང་རྒྱ་ནག་ཏུ་ཁ་པར་མཉེན་ཆས། མིང་ལ་{ཁྱེད་རང་ཤི་ཟིན་པ་ཡིན་ནམ་}ཞེས་པ་ཞིག་ཕྱིར་བཏོན། ཟླ་བ་འདིའི་ཚེས་ 10 ཉིན་ནས་ཉེན་ཆས་འདི། རྒྱ་ནག་ཏུ་འཕབ་ལེན་མང་ཤོས་ཀྱི་གྲས་སུ་ཚུད་ཅིང་། དེ་དང་ལྷན་མཉེན་ཆས་ཀྱི་རིན་གོང་ཡང་ཡར་འཕར་ཟིན་པ་བཤད།

མཉེན་ཆས་འདི་ནི་ཁེར་རྐྱང་དུ་བསྡད་ཡོད་པའི་མི་དག་ལ་དམིགས་པ་ཞིག་དང་། ཉི་མ་རེར་མཉེན་ཆས་ཁ་ཕྱེ་ནས་རྟགས་སྔོན་པོ་ཞིག་ཡོད་པ་གནོན་དགོས་པ་ལ། གལ་སྲིད་ཉིན་ 2 ལ་བསྟུད་མར་མ་མནན་ཚེ། ཉིན་གསུམ་པར་མཉེན་ཆས་རང་ངོས་ནས་ཛ་དྲག་དང་། མྱུར་སྐྱོབ་ལས་ཁུངས་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་བཤད། མཉེན་ཆས་འདིའི་ཐད་རྒྱ་ནག་གི་དྲྭ་ལམ་དུ་སྐད་ཆ་འདྲ་མིན་ཤོད་བཞིན་པ་བཤད།

འགའ་ཤས་ཀྱིས། ཁྱེད་རང་ཤི་ཡོད་དམ་ཞེས་པ་ལྟ་བུའི་ཚིག་སྤྱོད་པ་ལས། ཁྱེད་རང་གསོན་ཡོད་དམ་མེད་ཅེས་ཚིག་འཇམ་དུ་བཏང་ནས་བཤད་ཆོག་པ་བཤད། ཇི་ལྟར་ཡང་རྒྱ་ནག་ཏུ་ཁེར་རྐྱང་དུ་འདུག་མཁན་གྱི་གྲངས་མགྱོགས་པོར་འཕར་བཞིན་པ་ནི། ཕྱི་ལོ་ 2020 ལོར་མི་གྲངས་ས་ཡ་ 150 ཡོད་པ་ལ། ཕྱི་ལོ་ 2023 ལོར་ས་ཡ་ 200 ལ་བུད་ཟིན་པ་ཚོད་རྩིས་བྱས།

དེར་བརྟེན་རྒྱུ་ནག་ཏུའང་ཉི་ཧོང་ལྟར། ཁེར་རྐྱང་དུ་འདས་གྲོངས་སུ་ཕྱིན་པས། ཉི་མ་མང་པོར་གཞན་གྱིས་ཚོར་མི་ཐུབ་པའི་གནས་ཚུལ་འབྱུང་བཞིན་པ་དང་། དཀའ་ངལ་འདི་སེལ་ཆེད། མཉེན་ཆས་འདི་ནི་ཡག་པོ་འདུག་ཅེས་ཤོད་མཁན་ཡང་བྱུང་། ལྷག་པར་རྒས་ཁོག་གཅིག་བུ་མ་ཡིན་པར། ཐག་རིང་ལ་ལས་ཀ་དང་སློབ་གཉེར་ཆེད་ཕྱིན་པ་དག་ལའང་ཕན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག