Homeརྒྱལ་སྤྱི།གཞུང་བསྐྱར་དུ་སྒོ་འབྱེད་ལ་ཉེ་བ།

གཞུང་བསྐྱར་དུ་སྒོ་འབྱེད་ལ་ཉེ་བ།

Date:

(ཨ་རིའི་ལྷན་ཁང་མང་པོ་སྒོ་བརྒྱབས་ནས་ཉིན་ 40 འགྲོ་བཞིན་པ་ལྟར། གཟའ་ཟླ་བའི་ཉིན། རྒྱལ་ནང་དུ་འཕུར་མཁན་གནམ་གྲུ་གྲངས་ 2,400 འཕུར་རྒྱུ་ཕྱིར་འཐེན་དང་། གནམ་གྲུ་གྲངས་ 9,000 འཕུར་རྒྱུའི་དུས་ཚོད་ཕར་བསྒྱངས་ཟིན་པའི་གནས་ཚུལ་ཐོན།)

ཨ་རིའི་གཞུང་གི་འགྲོ་གྲོན་སྔོན་རྩིས་ཁྲིམས་འཆར་ཐད། ཆབ་སྲིད་ཚོགས་པ་གཉིས་གྲོས་མ་འཆམ་རྐྱེན། ཨ་རིའི་ལྷན་ཁང་མང་པོ་སྒོ་བརྒྱབས་ནས་ཉིན་ 40 འགྲོ་བཞིན་པ་ལྟར། གཟའ་ཟླ་བའི་ཉིན། རྒྱལ་ནང་དུ་འཕུར་མཁན་གནམ་གྲུ་གྲངས་ 2,400 འཕུར་རྒྱུ་ཕྱིར་འཐེན་དང་། གནམ་གྲུ་གྲངས་ 9,000 འཕུར་རྒྱུའི་དུས་ཚོད་ཕར་བསྒྱངས་ཟིན་པའི་གནས་ཚུལ་ཐོན། ཁ་སང་གཟའ་ཟླ་བའི་ཉིན་གྲོས་ཚོགས་གོང་མ་རུ་ལོ་རྗེས་མའི་ཕྱི་ཟླ་ 1 ཚེས་ 30 བར་གཞུང་བསྐྱར་དུ་སྒོ་འབྱེད་རྒྱུ་དང་། དེ་དང་ལྷན་དམག་དོན་འཛུགས་སྐྲུན་དང་། ཞིང་ལས་ལྷན་ཁང་བཅས་ལ་འབྱུང་འགྱུར་ལོ་ 1 རིང་ཧྲིལ་བོར་འགྲོ་གྲོན་གཏོང་རྒྱུའི་ཁྲིམས་འཆར་ཞིག་ཕྱིན། ད་ལྟ་ཁྲིམས་འཆར་འདི་གྲོས་ཚོགས་འོག་མ་ནས་འགྲོ་དགོས།

•. གྲོས་ཚོགས་འོག་མའི་གྲོས་འཐུས་མི་ཚོ་གུང་གསེང་ཡིན་པས། བདུན་ཕྲག་འདིར་འཛོམས་རྒྱུ་དང་ཁྲིམས་འཆར་འདིའི་སྟེང་འོས་བླུག་དགོས་ཡིན། གལ་སྲིད་གྲོས་ཚོགས་འོག་མ་ནས་ཕྱིན་ཚེ། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་སྲིད་འཛིན་གྱིས་ཁྲིམས་འཆར་འདི་ལ་མིང་རྟགས་དགོད་རྒྱུ་ཡིན་པ་ཚོད་དཔག་བྱེད། ཐེངས་འདིར་གྲོས་ཚོགས་གོང་མར། མང་གཙོ་ཚོགས་པའི་འཐུས་མི་སྐོར་ཞིག་གིས། སྤྱི་མཐུན་ཚོགས་པའི་ཁྲིམས་འཆར་འདིར་རྒྱབ་སྐྱོར་བྱས་པ་འདིས། མང་གཙོ་ཚོགས་པའི་ནང་ཁུལ་གྱི་འགལ་ཟླ་གཏིང་ཟབ་ཏུ་བཏང་ཞིང་། ལྷག་པར་ཐུན་མོང་གིས་བཀུར་བའི་དབུ་ཁྲིད་ངོ་མ་ཞིག་མེད་པའི་སྟེང་། གང་ཡོད་པ་ནི་ཅེག་ཤུ་མར་(Chuck Schumer)ཡིན་པ་ལ། ཁོ་ཡང་སྔར་ལས་རྩོད་གཞི་ཅན་ཞིག་ཏུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག