Homeརྒྱལ་སྤྱི།དཀྱིལ་ཤར།གོ་ལག་ཐང་ལ་འཇོག་འདོད་མི་འདུག

གོ་ལག་ཐང་ལ་འཇོག་འདོད་མི་འདུག

Date:

ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། གྷ་ཛ་ས་ཁུལ་གྱི་ལྷོ་ཕྱོགས་རཱ་ཧྥ་ས་ཁུལ་དུ། ཧཱ་མ་སི་དྲག་དཔུང་གིས་ཚུར་རྒོལ་གྱིས་ཨེ་ཛི་རལ་གྱི་དམག་མི་ཞིག་རྨས་ཟིན་པ་དང་། ང་ཚོས་དེ་དང་མཐུན་པའི་ལན་བསློག་རྒྱུ་ཡིན།

ཁ་སང་ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། གྷ་ཛ་ས་ཁུལ་གྱི་ལྷོ་ཕྱོགས་རཱ་ཧྥ་ས་ཁུལ་དུ། ཧཱ་མ་སི་དྲག་དཔུང་གིས་ཚུར་རྒོལ་གྱིས་ཨེ་ཛི་རལ་གྱི་དམག་མི་ཞིག་རྨས་ཟིན་པ་དང་། ང་ཚོས་དེ་དང་མཐུན་པའི་ལན་བསློག་རྒྱུ་ཡིན། འདི་ནི་ཧཱ་མ་སི་དྲག་དཔུང་གིས་གོ་ལག་ཐང་ལ་འཇོག་འདོད་མེད་པའི་རྣམ་འགྱུར་གསལ་བོར་བསྟན་པ་ཞིག་རེད་ཅེས་བཤད། ཡིན་ན་ཡང་། ཧཱ་མ་སི་དྲག་དཔུང་གིས་གཏོར་རྒོལ་འདི་དང་ཁོ་ཚོའི་བར་འབྲེལ་བ་གང་ཡང་མེད་ཅེས་བསྒྲགས།

ཕྱི་ལོ་ 2023 ཟླ་ 10 ནས་འགོ་བཙུགས་པའི་གྷ་ཛ་ས་ཁུལ་གྱི་དམག་འཁྲུག་དེ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་བཏོན་པའི་ཡིག་ཆ་དོན་ཚན་ 20 ཅན་ཞིག་གཞི་ལ་བཞག་ནས། ད་ལོའི་ཕྱི་ཟླ་ 9 ནས་མེ་མཚམས་བཞག་ཅིང་། ཡིག་ཆའི་ནང་དོན་རིམ་པ་དང་པོ་སྟེ། མེ་མཚམས་བཞག་པ་དང་། ཧཱ་མ་སིའི་ལག་ཏུ་ཡོད་པའི་མི་གཏེ་དག་དང་། འདས་པོ་དག་གི་ཕུང་པོ་ཕྱིར་བསློགས། དེ་བཞིན་ཨེ་ཛི་རལ་གྱི་དམག་དཔུང་ཐིགས་སེར་པོའི་བར་ཕྱིར་འཐེན་ཟིན།

ཡིན་ན་ཡང་། ཨ་རིའི་འཆར་གཞི་གཙོ་བོ་ནི་མཐར་ཧཱ་མ་སི་དྲག་དཔུང་གིས་གོ་ལག་ཐང་ལ་འཇོག་རྒྱུ་དང་། འབྱུང་འགྱུར་གྱི་གྷ་ཛ་ས་ཁུལ་གྱི་འཛིན་སྐྱོང་ཁྲོད། ཧཱ་མ་སི་དྲག་དཔུང་དངོས་ཤུགས་གང་ནས་ཀྱང་ཞུགས་མི་ཆོག་པ་བཟོ་རྒྱུ་དེ་ཡིན། ཡིན་ན་ཡང་། ཧཱ་མ་སི་དྲག་དཔུང་གིས། པཱ་ལི་སི་ཐན་རྒྱལ་ཁབ་ཡོངས་སུ་འཛུགས་མ་ཐུབ་བར་དུ། ཁོ་ཚོས་གོ་ལག་ཐང་ལ་འཇོག་རྒྱུ་མིན་ཞེས་བཤད། དེར་བརྟེན་དོན་དངོས་སུ་འདི་ནི་མེ་མཚམས་བཞག་པ་ཙམ་ལས། དམག་འཁྲུག་དངོས་མཚམས་འཇོག་ཐུབ་མེད་པ་ཞིག་ཡིན་པ་ཡང་བསྐྱར་གསལ་བོ་བཟོས།

རྗོར་རྡན་གཙང་པོའི་ནུབ་རྒྱུད་ས་ཁུལ་དུ། རྗོའུ་མི་རིགས་ཀྱི་གྲོང་བརྡལ་གྲངས་ 19 བཙུགས་ཡོད་པ། ཨེ་ཛི་རལ་གྱི་གཞུང་གིས་ངོས་ལེན་བྱས་ཟིན་པ་ལྟར། ཨེ་ཛི་རལ་གྱི་གཞུང་གི་ཐག་གཅོད་འདི་ལ། རྒྱལ་ཁབ་ 14 ཡིས་སྐྱོན་བརྗོད་བྱས་ཤིང་། འདི་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་ཡིན་པ་བསྒྲགས། རྗོར་རྡན་གཙང་པོའི་ནུབ་རྒྱུད་ས་ཁུལ་དེ། དུམ་བུ་ 3 དུ་བགོས་ཤིང་བརྒྱ་ཆ་ 60% ཡས་མས་ཤིག་ཨེ་ཛི་རལ་གྱི་འཛིན་སྐྱོང་འོག་ཡོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག