Homeརྒྱལ་སྤྱི།ཨ་མེ་རི་ཀགླིང་ཕྲན་འདི་ཨ་རིའི་བདེ་སྲུང་གལ་ལ་གལ་ཆེ། 

གླིང་ཕྲན་འདི་ཨ་རིའི་བདེ་སྲུང་གལ་ལ་གལ་ཆེ། 

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གཟའ་ཉི་མའི་ཉིན་ཨ་རིའི་ལུ་སེ་ཡ་ན་མངའ་སྡེའི་སྤྱི་ཁྱབ། རྗེ་ཧྥི་ལན་ཀྲི་རེ་(Jeff Laundry)
གླིང་ཕྲན་འདིའི་དམིགས་བསལ་སྐུ་ཚབ་ཏུ་བསྐོས། འདིས་ཡུ་རོབ་རྒྱལ་ཁབ་དག་ལ་དོགས་པ་ཆེན་པོ་བསླངས། 

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གྷི་རེན་ལན་ཀྲི་དེ་ཨ་རིའི་རྒྱལ་སྲུང་ལ་གལ་ཆེན་ཞིག་ཡིན་པས། གླིང་ཕྲན་ཆེན་པོ་འདི་ཨ་རི་ལ་ཐོབ་ཐབས་བྱ་རྒྱུ་ཡིན་ཞེས་ཤོད་བཞིན་པ་ལྟར། གཟའ་ཉི་མའི་ཉིན་ཁོས་ཨ་རིའི་ལུ་སེ་ཡ་ན་མངའ་སྡེའི་སྤྱི་ཁྱབ། རྗེ་ཧྥི་ལན་ཀྲི་རེ་(Jeff Laundry)གླིང་ཕྲན་འདིའི་དམིགས་བསལ་སྐུ་ཚབ་ཏུ་བསྐོས། 

ཡིན་ན་ཡང་། གླིང་ཕྲན་འདི་ནི་ཡུ་རོབ་ཀྱི་སྒྲེ་མག་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་ལས། ས་སྟོང་བདག་མེད་ཅིག་མིན་པས། སྒྲོ་ནལ་ཁྲི་རམ་ཕུའི་སྐད་ཆ་དང་བྱེད་སྟངས་འདི་དག་གིས་སྒྲེ་མག་གཞུང་དང་། ཡུ་རོབ་རྒྱལ་ཁབ་ཚོར་སེམས་ཁྲལ་ཆེན་པོ་བསླངས། ཁ་སང་གཟའ་མིག་དམར་ཉིན་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གཙོས། ཡུ་རོབ་ཀྱི་དབུ་ཁྲིད་དག་གིས་སྒྲེ་མག་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་། གྷི་རེན་ལན་ཀྲི་གླིང་ཕྲན་ནི་དེའི་སྟེང་གི་མི་དམངས་ལ་དབང་ཞེས་ཐུན་མོང་གིས་བསྒྲགས་གཏམ་སྤེལ།

སྒྲེ་མག་རྒྱལ་ཁབ་ཀྱི་སྲིད་བློན་གྱིས། ང་ཚོས་སྔར་ཡང་བཤད་ཟིན་ལ་ད་ལྟ་ཡང་བསྐྱར་བཤད་རྒྱུ་ཡིན། ཁྱོད་ཀྱིས་རྒྱལ་ཁབ་གཞན་ཞིག་རང་དང་ཟླ་སྒྲིལ་མི་ཐུབ། གླིང་ཕྲན་འདི་ནི་དེའི་སྟེང་གི་མི་དམངས་ལ་དབང་ཞེས་བསྒྲགས། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། འདི་ནི་ཨ་ཀྲི་ལན་ཀྲི་ཁི་དང་ཨར་ཀྲི་ཁི་རྒྱ་མཚོའི་ནང་དུ་རྒྱ་ནག་དང་། རཱ་ཤི་ཡའི་རྒྱ་བསྐྱེད་འགོག་ཆེད་ཨ་རིའི་དམག་དཔུང་ལ་གལ་ཆེ་བ་བཤད། ཡིན་ན་ཡང་། མང་པོ་ཞིག་གིས་དོན་དངོས་སུ་ཁོས་བདེ་སྲུང་ལས། གླིང་ཕྲན་འདིའི་སྟེང་དུ་འདོན་ཆོག་པའི་རྡོ་སྣུམ་དང་རླངས་རྫས་ལ་དམིགས་ཡོད་པའང་བཤད། 

འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་ནས་གླིང་ཕྲན་འདིའི་སྟེང་དུ་དམག་སྒར་ཡོད་པ་དང་། གླིང་ཕྲན་འདི་ཨ་རི་ལ་ཐོབ་ན་སེམས་མཁན་ཐོག་མ་ནི་སྒྲོ་ནལ་ཁྲི་རམ་ཕུ་མ་ཡིན་པར། ཕྱི་ལོ་ 1946 ལོར་ཨ་རིའི་སྲིད་འཛིན་ཧཱ་རེ་ཀྲི་རུ་མན་(Harry S. Truman)གྱིས། གསེར་ཨ་སྒོར་ས་ཡ་ $100 ཡི་རིན་ཐང་སྤྲད་ནས། གླིང་ཕྲན་འདི་ཉོ་རྒྱུ་ཡིན་པ་བཤད་པར། སྒྲེ་མག་གཞུད་གིས་མ་བཙོང་། འཛམ་གླིང་གི་མཚོ་གླིང་ཆེ་ཤོས་དང་བརྒྱ་ཆ་ཕལ་ཆེ་བ་འཁྱག་རོམ་དང་། གངས་ཀྱིས་བཏུམ་པའི་གླིང་ཕྲན་འདི་ནི་ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་བྱང་ཕྱོགས་དང་། སྐམ་སའི་དབང་དུ་བྱས་ན་བྱང་ཨ་རི་དང་ཡུ་རོབ་གླིང་གཉིས་ཀྱི་བར་དུ་ཡོད། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག