Homeརྒྱལ་སྤྱི།གྷི་རེན་ལན་ཀྲི་གླིང་ཕྲན།

གྷི་རེན་ལན་ཀྲི་གླིང་ཕྲན།

Date:

གྷི་རེན་ལན་ཀྲིའི་སྲིད་བློན་གྱིས། གྷི་རེན་ལན་ཀྲི་ཡིས་ཨ་རི་མཉམ་དུ་འགྲོ་རྒྱུ་ལས། སྒྲེ་མག་དང་ཡུ་རོབ་མཉམ་དུ་འགྲོ་རྒྱུ་དེ་གདམ་རྒྱུ་ཡིན་ཞེས་བཤད། སྒྲོ་ནལ་ཁྲི་རམ་ཕུས། སྐད་ཆ་འདི་ནི་རྙོག་གྲ་ཆེན་པོ་ཞིག་རེད་ཅེས་ལན་བསློགས།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གྷི་རེན་ལན་ཀྲི་གླིང་ཕྲན་དེ་ཨ་རིའི་བདེ་སྲུང་ལ་གལ་ཆེ་བས། ཨ་རིས་རྣམ་པ་གང་རུང་གི་སྒོ་ནས་གླིང་ཕྲན་འདི་ལེན་རྒྱུ་ཡིན་ཚུལ་ཐེངས་མང་ཤོད་བཞིན་པ་ལྟར། ཨ་རིའི་གཞུང་གི་ལས་བྱེད་ཅིག་གིས། དེ་རིང་གི་ཨ་རི་(USA Today)ཞེས་པའི་གསར་ཤོག་ལ། སྒྲོ་ནལ་ཁྲི་རམ་ཕུས་འདིའི་ཐད་ཡོང་རྒྱུའི་བདུན་ཕྲག་དང་། ཟླ་བ་དག་གི་ནང་བྱ་འགུལ་ཞིག་བརྩམ་སྲིད་པ་བཤད། ཁ་སང་སྒྲེ་མག་གི་སྲིད་བློན་གླིང་ཕྲན་འདིར་སླེབས་ཤིང་། མོས། ང་ཚོས་ཨ་རི་ལ་ཐོག་མ་ནས་བཤད་ཡོད། གྷི་རེན་ལན་ཀྲི་ནི་འཚོང་རྒྱུ་ཞིག་མ་རེད་ཅེས་བསྒྲགས།

ད་དུང་མོས། གལ་སྲིད་ཨ་རིས་བདེ་སྲུང་ལ་བསམ་བློ་གཏོང་གི་ཡོད་ན། བདེ་སྲུང་གི་ཐད་ང་ཚོ་ཐུན་མོང་གིས་མཉམ་ལས་བྱ་ཐུབ་པ་མང་པོ་ཡོད་པ་རེད་ཅེས་བཤད། གྷི་རེན་ལན་ཀྲི་ས་གནས་གཞུང་གིས། གནས་སྟངས་གང་འདྲ་ཞིག་གི་འོག་ནས་ཀྱང་། ཨ་རིས་གྷི་རེན་ལན་ཀྲི་ལེན་རྒྱུ་ངོས་ལེན་བྱ་རྒྱུ་མིན་ལ། གླིང་ཕྲན་འདིའི་བདེ་སྲུང་ངེས་པར་དུ་ནུབ་ཆིངས་ཀྱིས་འགན་འཁུར་དགོས་པ་བཤད། ད་དུང་ཁོས། གྷི་རེན་ལན་ཀྲི་ཡིས་ཨ་རི་མཉམ་དུ་འགྲོ་རྒྱུ་ལས། སྒྲེ་མག་དང་ཡུ་རོབ་མཉམ་དུ་འགྲོ་རྒྱུ་དེ་གདམ་རྒྱུ་ཡིན་ཞེས་བཤད། སྒྲོ་ནལ་ཁྲི་རམ་ཕུས། སྐད་ཆ་འདི་ནི་རྙོག་གྲ་ཆེན་པོ་ཞིག་རེད་ཅེས་ལན་བསློགས།

ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི། རྗེམ་མེ་གྷོ་མེ་ཛི་(Jimmy Gomez)ཡིས། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་གྷི་རེན་ལན་ཀྲི་ལ་བཙན་འཛུལ་བྱ་རྒྱུའམ། ཡང་ན་གླིང་ཕྲན་འདི་ཉོ་རྒྱུ་འགོག་ཆེད། དེ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་རྒྱུ་འགོག་རྒྱུའི་ཁྲིམས་འཆར་ཞིག་བཏོན་ཟིན་པ། ཨེག་སོ་སི་སྟེང་གནས་ཚུལ་བཀོད། ཡུ་རོབ་ཀྱི་དབུ་ཁྲིད་ཚོས། སྒྲོ་ནལ་ཁྲི་རམ་ཕུའི་སྐད་ཆ་འདི་དག་གི་སྐོར་ལ་སེམས་ཁྲལ་བྱེད་བཞིན་པའི་གནས་ཚུལ་ཐོན་ནའང་། མཇར་མན་ཕྱི་སྲིད་བློན་ཆེན་གྱིས། གྲོས་མོལ་བརྒྱུད་དཀའ་ངལ་འདི་སེལ་ཐུབ་པ་ང་ལ་གདེང་ཚོད་ཆ་ཚང་ཡོད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག