Homeརྒྱལ་སྤྱི།ཡུ་རོབ།ང་ལ་ཕྲུ་གུ་བརྒྱ་ཡོད། 

ང་ལ་ཕྲུ་གུ་བརྒྱ་ཡོད། 

Date:

པཱ་ཝེལ་རྡུ་རོ་ཝི་ཡིས། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ལོ་ན་ 36 གྱི་འོག་ཅན་སུ་ཞིག་ལ། ཁོའི་ཁུ་བའམ་ཁམས་དཀར་དགོས་ཚེ་སྤྲད་རྒྱུ་དང་། ཁམས་དཀར་དེ་བུད་མེད་ཀྱི་མངལ་དུ་མ་བཞག་བར་གྱི་འགྲོ་གྲོན་ཡང་ཁོས་གཏོང་རྒྱུ་ཡིན་པ་བཤད།

ཏར་འཕྲིན་(Telegram)གྱི་བདག་པོ་རཱ་ཤི་ཡའི་འབྱོར་ལྡན། ན་གཞོན་པཱ་ཝེལ་རྡུ་རོ་ཝི་ཡིས། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ལོ་ན་ 36 གྱི་འོག་ཅན་སུ་ཞིག་ལ། ཁོའི་ཁུ་བའམ་ཁམས་དཀར་དགོས་ཚེ་སྤྲད་རྒྱུ་དང་། ཁམས་དཀར་དེ་བུད་མེད་ཀྱི་མངལ་དུ་མ་བཞག་བར་གྱི་འགྲོ་གྲོན་ཡང་ཁོས་གཏོང་རྒྱུ་ཡིན་པ་བཤད། ཁོས་བཤད་པ་ལྟར་ན། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ 12 སུ་ཁོ་ལ་ཕྲུ་གུ་གྲངས་ 100 ཉུང་མཐར་ཡོད་པ་དང་། ད་ལྟའི་གོ་ལའི་ཁོར་ཡུག་འབག་བཙོག་གི་རྐྱེན་པས། ཕོ་ཡི་སྐྱེད་འཕེལ་ནུས་པ་ཉམ་རྒུད་དུ་འགྲོ་བཞིན་པ་འདི་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པས། རང་ངོས་ནས་འདིའི་ཐད་ཞབས་ཞུ་གང་ཐུབ་ཞུ་འདོད་ཡོད་པ་བཤད།

ཁོ་ལྟར་ན་ཕྱི་ལོ་ 2010 ལོར་ཁོས་རང་གི་གྲོགས་པོ། ཕྲུ་གུ་སྐྱེད་རྒྱུར་དཀའ་ངལ་ཡོད་མཁན་ཞིག་ལ། རང་གི་ཁུ་བ་ཞབས་འདེབས་སུ་སྤྲད་ཟིན་པ་དང་། དུས་དེ་ནས་བཟུང་ཁུ་བ་ཞབས་འདེབས་སུ་སྤྲོད་རྒྱུའི་འགོ་བཙུགས་ཟིན་པ་བཤད། ད་ལྟ་ཁོས་ཁུ་བ་གསར་བ་སྤྲོད་ཀྱི་མེད་ནའང་།སྔར་ཞབས་འདེབས་སུ་སྤྲད་ཟིན་པ་དག་སྨན་ཁང་དག་གི་ནང་དུ་ཡོད་པས། སྨན་ཁང་ནས་མུ་མཐུད་དུ་སྤྲོད་བཞིན་པ་ལ་རཱ་ཤི་ཡའི་རྒྱལ་སར་བུད་མེད་མང་པོ་ལེན་དུ་འགྲོ་བཞིན་པ་དང་། ད་ལྟ་ཁོའི་ཁམས་དཀར་དགོས་མཁན་བུད་མེད་གྲངས་བརྒྱ་ཆ་ 14% ཡར་འཕར་ཟིན་པ་རཱ་ཤི་ཡའི་གསར་ཁང་དག་གིས་གནས་ཚུལ་བཀོད། ད་དུང་ཁོས། འབྱུང་འགྱུར་ཁོ་མེད་པའི་རྗེས་སུ་ཁོའི་ཕྲུ་གུ་ཚང་མར་རང་གི་རྒྱུ་ནོར་བགོ་རྒྱུ་ཡིན་པ་བཤད།

ཧྥ་རན་སིའི་གསར་ཤོག་ཅིག་(Le Point)ལ་ཁོས། ངས་རང་གི་ཕྲུ་གུ་ཚོའི་བར་ཁྱད་པར་འབྱེད་རྒྱུ་མིན་ཞེས་བཤད། པཱ་ཝེལ་རྡུ་རོ་ཝི་དང་ཁོའི་སྤུན་གཉིས་ཀྱིས། ཕྱི་ལོ་ 2013 ལོར་ཏར་འཕྲིན་ཐོག་མར་བཟོས་ནས་ཕྱིར་བཏོན་ཅིང་། ཐོག་མར་རཱ་ཤི་ཡ་དང་ཡུ་ཁུ་རན་སོགས་སྔར་གྱི་ཨུ་རུ་སུ་དམར་པོའི་ཆ་ཤས་རྒྱལ་ཁབ་དག་ཏུ་བེད་སྤྱོད་ཤུགས་ཆེན་བྱས་ཤིང་།ད་ལྟ་རྒྱ་གར་དང་བྷིར་ཛིལ། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་འགའ་བཅས་སུ་སྤྱོད་མཁན་མང་དུ་ཕྱིན། ཕྱི་ལོ་ 2014 ལོར་ཏར་འཕྲིན་གྱི་རང་དབང་ཆེད་ཁོ་རཱ་ཤི་ཡ་ནས་ཕྱིར་ཐོན། ད་ལྟ་ཁོ་ནི་ཨ་སྒོར་ཐེར་འབུམ་ $17 གྱི་བདག་པོ་ཡིན་པ་ལ། རཱ་ཤི་ཡ་དང་ཧྥ་རན་སི། ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་བཅས་རྒྱལ་ཁབ་ 4 ཡི་མི་སེར་ཡིན་པས། ཁོ་ནི་རུ་སྤོས་ནས་འགྲོ་མཁན་གྱི་འབྲོག་པ་ལྟ་བུ་ཞིག་རེད་ཅེས་མི་རྣམས་ཀྱིས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག